མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མཛེས་པའི་ཀྲུང་གོའི་གཅེས་སེམས་དྲིལ་བསྒྲགས་ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-25 10:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས22ཉིན་གྱི་ཀྲུང་གོའི་བྱིས་པའི་དགེ་སྒྲུབ་བྱེད་སྒོའི་ཉིན་མོ་སླེབས་ཉེར་ཡོད་པའི་མཚམས་སུ། ཀྲུང་གོའི་ལོ་ཆུང་བྱིས་པའི་ཐེབས་རྩའི་ལྷན་ཚོགས་ཀྱིས་འཆར་འགོད་དང་ལག་བསྟར་བྱས་པའི་སྤྱི་ཟླ6པའི་ཚེས22ཉིན་གྱི་ཀྲུང་གོའི་བྱིས་པའི་དགེ་སྒྲུབ་བྱེད་སྒོའི་ཉིན་མོ། མཛེས་པའི་ཀྲུང་གོའི་གཅེས་སེམས་དྲིལ་བསྒྲགས་ཞེས་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཏེ། སྤྱི་ཚེས21ཉིན་པེ་ཅིན་དུ་གཉེར་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་སྒྱོགས་དཔུང་སྡེ་གཉིས་པའི་ཆབ་སྲིད་པུའི་རིག་རྩལ་ཚོགས་པའི་གྲགས་ཅན་གྱི་གཞོན་ནུ་གླུ་གཞས་མཁས་ཅན་ཅིན་པའོ་ལ་སྤྱི་ཟླ6པའི་ཚེས22ཉིན་ཀྱི་ཀྲུང་གོའི་བྱིས་པའི་དགེ་སྒྲུབ་བྱེད་སྒོའི་ཉིན་མོ། མཛེས་པའི་ཀྲུང་གོའི་གཅེས་སེམས་དྲིལ་བསྒྲགས་ཞེས་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཀྱི་གཅེས་སེམས་ཕོ་ཉའི་གཟི་བརྗིད་མཚན་སྙན་སྤྲད་ཡོད་པ་རེད།

ཅིན་པའོ་ཡིས་སྤྱི་ཚོགས་ལས་རིགས་ཁག་ལ་གྲོས་འགོ་བཏོན་སྟེ། མི་དེ་བས་མང་བས་སྤྱི་ཕན་བྱ་གཞག་ནང་ཞུགས་པ་དང་། རང་རེའི་ཉེ་འཁོར་གྱི་བྱ་བ་ཆུང་ཙག་ནས་འགོ་བརྩམས་པ། རང་ནུས་ལ་དཔག་པའི་བྱ་བ་ནས་འགོ་འཛུགས་པ། ཨ་སྔོན་འོག་གི་ཆེས་མཚར་སྡུག་བཀྲ་བའི་མེ་ཏོག་དང་། མེས་རྒྱལ་གྱི་མ་འོངས་དང་མི་རིགས་ཀྱི་རེ་བ། མཛེས་སྡུག་ལྡན་པའི་ཀྲུང་གོར་ངོ་མཚར་ཆེ་བའི་མཛེས་ལྗོངས་གཏོད་རྒྱུ། བྱིས་པ་ཚོར་འོད་སྟོང་ལྡན་པའི་མ་འོངས་སྐྲུན་རྒྱུ་བཅས་ཀྱི་ཆེད་དུ་ནུས་ཤུགས་ལེགས་སྐྱེལ་འབུལ་དགོས་པའི་རེ་འབོད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག