མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྤྱིའི་ལྐོག་རྔན་ངོ་རྒོལ་ཅུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་ལྔ་བའི་བགྲོ་གླེང་ཚོགས་འདུ་ཅི་ནན་གྲོང་ཁྱེར་ནས་ཚོགས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-24 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་དང་ས་ཁུལ70ལྷག་གི་ལྐོག་རྔན་ངོ་རྒོལ་ལས་ཁུངས་ཞུགས་པའི་རྒྱལ་སྤྱིའི་ལྐོག་རྔན་ངོ་རྒོལ་ཅུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་ལྔ་བའི་བགྲོ་གླེང་ཚོགས་འདུ་སྤྱི་ཟླ6པའི་ཚེས23ཉིན་ཅི་ནན་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་བཤད་རྒྱུར། རུལ་སུངས་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་ལ། རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པ་དང་། དེ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་ཐུན་མོང་གི་འགན་འཁྲི་ཡིན། ཀྲུང་གོས་ཧུར་ཐག་དང་སྒོ་འབྱེད། དངོས་གཉེར་བཅས་ཀྱི་རྣམ་འགྱུར་བཟུང་སྟེ་རྒྱལ་སྤྱིའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། རུལ་སུངས་རྩ་བ་ནས་མེད་པར་གཏོང་ངེས་ཡིན་ཟེར།

ཚོགས་ཐོག་ནས་མིན་ཅན་ཀྲུའུ་ཡིས་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྒྱལ་སྤྱིའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་ལ་རྒྱབ་སྐྱོར་དང་རོགས་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་དགོས་ལ། ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་པའི་གྲོས་གཞི་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག