མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འགྲིམ་འགྲུལ་པུས་བདེ་འཇགས་ཐོན་སྐྱེད་ཀྱི་བརྟག་དཔྱད་ཆེན་མོ་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-22 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ6པའི་ཚེས15ཉིན། འགྲིམ་འགྲུལ་སྐྱེལ་འདྲེན་པུས་བརྡ་ཐོ་བཏང་སྟེ། སྤྱི་ཟླ6པ་ནས་སྤྱི་ཟླ9པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གིས་གཅིག་སྡུད་ཐོག་བདེ་འཇགས་ཐོན་སྐྱེད་ཀྱི་བརྟག་དཔྱད་ཆེན་མོ་བྱེད་རྒྱུ་ཡིན་པ་རེད། བརྟག་དཔྱད་ཆེན་མོའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་ཁྱབ་ཁོངས་ཡོངས་དང་། ཚན་པ་དང་ཁེ་ལས་ཡོངས་ཚུད་ཡོད་ཅིང་། གནས་ཚུལ་ཡོད་ཚེ་གཅིག་ཀྱང་མ་ལུས་པ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

ཐེངས་འདིའི་བརྟག་དཔྱད་ཀྱི་གཙོ་གནད་ནང་། གཞུང་ལམ་བདེ་འཇགས་ལས་གཞི་དང་། གཞུང་ལམ་འགྲུལ་སྐྱེལ། གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་དང་ལྕགས་ལམ་འགྲིམ་འགྲུལ། ཆུ་ཐོག་འགྲུལ་སྐྱེལ། ཆུ་ཐོག་བྱེ་རྡོ་སྐྱེལ་འདྲེན་སོགས་ཚུད་ཡོད་པ་དང་། བརྟག་དཔྱད་ཀྱི་ནང་དོན་གྲས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གཟུགས་འགན་འཁྲི་གཉིས་ཀྱི་དོན་འཁྱོལ་གནས་ཚུལ་སོགས་ཁག9ཚུད་ཡོད་པ་རེད། སྤྱི་ཟླ6པ་ནས7པའི་ཟླ་མཇུག་བར་ནི་རྒྱལ་ཡོངས་ཀྱི་རང་བཤེར་བྱེད་པའི་དུས་མཚམས་ཡིན་པ་དང་། སྤྱི་ཟླ8པའི་ཟླ་སྟོད་ནས་ཟླ་དཀྱིལ་བར་ནི་ཆེད་ལས་བརྟག་དཔྱད་དུས་མཚམས་ཡིན་པ། སྤྱི་ཟླ8པའི་ཟླ་མཇུག་ནས་སྤྱི་ཟླ9པའི་ཟླ་མཇུག་བར་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་དུས་མཚམས་ཡིན་པ། སྤྱི་ཟླ9པའི་ཟླ་དཀྱིལ་ནས་ཟླ་མཇུག་བར་ནི་ཕྱོགས་བསྡོམས་རྒྱག་པ་དང་། གོང་རིམ་ལ་སྙན་སེང་ཞུ་བའི་དུས་མཚམས་ཡིན་པ་རེད།

བརྡ་ཐོའི་ནང་། སྡེ་ཁག་དང་ཚན་པ་ཁག་གིས་བརྟག་དཔྱད་ནང་ཤེས་རྟོགས་བྱུང་བའི་གནད་དོན་དང་མི་མངོན་པའི་ཉེན་ཁ་གསལ་ཐོ་བཀོད་དེ། གནད་དོན་ཡོད་ཚེ་གཅིག་ཀྱང་མི་ལུས་པར་དུས་ཐོག་ཏུ་ལེགས་བཅོས་བྱེད་དགོས་པ་མ་ཟད་། ལེགས་བཅོས་བྱ་ཐབས་དང་། ལེགས་བཅོས་བྱེད་པའི་དུས་བཀག ལེགས་བཅོས་འགན་འཁྲི་བཅས་ཁ་གསལ་བཟོ་དགོས་པ་དང་། ཚབས་ཆེའི་མི་མངོན་པའི་ཉེན་ཁ་དང་མངོན་གསལ་དོད་པའི་གནད་དོན་ལ་མིང་འདོན་ལྟ་སྐུལ་ཐག་གཅོད་བྱེད་པ་དང་། རྗེས་འདེད་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཡོངས་ཁྱབ་རང་བཞིན་དང་། ཐོན་བཟོ་ཡོད་པའི་གནད་དོན་དང་མི་མངོན་པའི་ཉེན་ཁར་དུས་ཐོག་ཏུ་ཁ་གཏད་གཅོག་ཐབས་ཞིབ་འཇུག་བྱེད་པ་དང་། ལེགས་བཅོས་བྱ་ཐབས་དང་བསམ་འཆར་བཏོན་སྟེ། གནད་དོན་རྩ་བ་ནས་ཐག་གཅོད་བྱེད་དགོས་པ། ལེགས་བཅོས་བྱེད་རྒྱུ་གནད་ལ་འཁེལ་པོ་མ་བྱུང་བའམ་ལས་དོན་བསྒྲུབས་རྒྱུ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་དོན་རྐྱེན་ཐོན་པ་ཡིན་ཕྱིན། ཚང་མ་བརྟག་དཔྱད་བསྐྱར་མ་བྱས་ཏེ། འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་རྩད་གཅོད་བྱེད་དགོས་པ་དང་། ཚབས་ཆེའི་བདེ་འཇགས་ཀྱི་མི་མངོན་པའི་ཉེན་ཁ་ཡོད་ཀྱང་དུས་ཐོག་ཏུ་བཅོས་སྐྱོང་མ་བྱས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཡོངས་ཁྲིམས་ལྟར་ལས་མཚམས་འཇོག་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག