མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་སྤྱི་བདེ་པུས་གཅིག་བསྡུས་ཐོག་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོ་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-22 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། སྤྱི་བདེ་པུས་སྤྱི་ཟླ6པའི་ཚེས20ཉིན་ནས་བཟུང་གཅིག་བསྡུས་ཐོག་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོ་བྱ་རྒྱུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་བདེ་འཇགས་ལྟ་སྐུལ་སིའི་སི་ཀྲང་གཞོན་པ་ཝང་ཅིན་ཧྥུས། ཐེངས་འདིའི་ཞིབ་བཤེར་ཆེན་མོ་ཕྱོགས་ཡོངས་ལ་ཁྱབ་པ་བྱ་རྒྱུ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྱབ་ཁོངས་ཚང་མ་ཡིན་པ་དང་དེའི་ནང་ཁེ་ལས་དང་བྱ་གཞག་ཚན་པ་ཚང་མ་ཚུད་ཡོད། གཙོ་གནད་ནི་གཞུང་ལམ་བདེ་སྲུང་ལས་གྲ་དང་ལྷག་པར་དུ་གཞུང་ལམ་འགྲུལ་སྐྱེལ་དང་ལྕགས་ལམ་འགྲིམ་འགྲུལ། ཆུ་ཐོག་འགྲུལ་སྐྱེལ། གྲུ་ཁ་དང་གྲུ་གཟིངས་བཅས་མི་མང་པོ་མཉམ་དུ་གྲོངས་པའི་ཁྱབ་ཁོངས་ཚུད་ཡོད། ད་དུང་གཅིག་བསྡུས་ཐོག་ཉེན་ཁ་ཡོད་པའི་དངོས་རྫས་སྐྱེལ་འདྲེན་དང་མི་སྣ་རུབ་བསྡུས་ཆེ་བའི་ཚོགས་ར་བཅས་གཙོ་གནད་ཡིན་ཞེས་དང་། ཝང་ཅིན་ཧྥུས། ཐེངས་འདིའི་ཞིབ་བཤེར་ཆེན་མོའི་ནང་། ལས་ཀ་དོན་འཁྱོལ་བྱས་མེད་པ་དང་ལྟ་སྐུལ་དོ་དམ་དོན་ཐོག་ཏུ་མ་འཁྱོལ་བ། འགན་འཛོལ་ཤོར་བ་བཅས་ཚང་མ་རྩད་གཅོད་ནན་པོ་དང་འདྲི་རྩད་ནན་པོ་བྱ་རྒྱུ་ཡིན་ཞེས་བསྟན་འདུག

སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུད་དོན་འཛོལ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཆང་གིས། སྤྱི་བདེ་པུས་སྤྱི་ཟླ6པ་ནས་བཟུང་གཞུང་ལམ་བདེ་འཇགས་ཞིབ་བཤེར་ཆེན་མོ་བྱ་རྒྱུ་དང་། མངོན་ལྐོག་གཉིས་ནས་ཞིབ་རྩད་དང་ལེགས་སྒྲིག་ལྟ་སྐུལ་བཅས་བྱ་ཐབས་མང་པོ་བཟུང་བ་བརྒྱུད་ཚབས་ཆེའི་འགྲིམ་འགྲུལ་བདེ་འཇགས་དོན་འཛོལ་ཐོན་རྒྱུ་བཀག་འགོག་བྱ་རྒྱུ་ཡིན་ཞེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག