མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གིས་རིགས་ཁག་གི་རང་བྱུང་གནོད་འཚེའི་དོགས་ཟོན་ཁ་གཏད་གྲ་སྒྲིག་ཡག་པོ་བྱེད་དགོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-22 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར་རང་རྒྱལ་དེ་ཉིད་རང་བྱུང་གནོད་འཚེ་ཐོན་མང་བ་དང་ཐོན་སླ་བའི་དུས་མཚམས་སུ་སླེབས་ཟིན་པས་གནོད་འགོག་གནོད་སེལ་གནོད་སྐྱོབ་ཀྱི་ལས་འགན་ལྗིད་པོ་ཡོད། རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ6པའི་ཚེས19ཉིན་ས་གནས་ཁག་ཏུ་བརྡ་ཐོ་བཏང་ནས། ས་གནས་ཁག་དང་སྡེ་ཁག་ཁག་གིས་ལྟ་སྐུལ་བརྟག་དཔྱད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། རིགས་ཁག་གི་གནོད་འཚེར་དོགས་ཟོན་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ལས་དོན་ཏན་ཏིག་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་། ས་གནས་ཁག་དང་སྡེ་ཁག་ཁག་གིས་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། གནོད་འཚེའི་གནས་ཚུལ་དོ་དམ་ནན་ཏན་བྱེད་དགོས་པ། རིགས་ཁག་གི་གནོད་འཚེ་ཐོན་ཚུལ་དང་གནོད་འཚེའི་འགྱུར་ལྡོག་ལ་རྗེས་འདེད་བརྟག་དཔྱད་དམ་ཟབ་བྱེད་དགོས་པ། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་བསྟན་ཚུལ་དང་། ཆར་པ་འབབ་ཚུལ། ཆུའི་གནས་ཚུལ། འབྲུབ་ཆུ་རྒྱས་ཚུལ་བཅས་ལ་གྲོས་མོལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གནོད་འཚེའི་དོགས་ཟོན་སྔོན་བརྡ་དུས་ཐོག་ཏུ་བཏང་ནས། དོགས་ཟོན་སྔ་ཙམ་དང་སྔོན་བརྡ་སྔ་ཙམ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག