མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ངོ་བོ་འགྱུར་བཞིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-22 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཏོན་ནས་ལོ་ཕྱེད་ལྷག་ཙམ་སོང་རིང་། ས་གནས་ཁག་ཏུ་སྤྱོད་ཚུལ་གསར་པ་ཞིག་ཐོན་བཞིན་ཡོད་པ་རེད། དེ་སྔོན་ཚོགས་འདུ་ཆུང་ཆུང་ཉིན་ལྟར་སྐོང་འཚོགས་བྱེད་བཞིན་པ་དང་ད་ཆ་ཚོགས་ཆེན་བརྙན་མཐོང་ཐོག་ཚོགས་པ་དང་ཚོགས་ཆུང་ཉུང་དུ་ཕྱིན་ཡོད་ཅེས་ཧུའུ་ནན་ཁྲང་ཧྲ་གྲོང་ཁྱེར་གྱི་སྲིད་གཞུང་ལས་དོན་མི་སྣ་ཞིག་གིས་གསུང་པ་དང་། ཚོགས་རའི་ཐོག་ཏུ་མེ་ཏོག་མི་སྒྲིག་པ་དང་ཚོགས་འདུའི་རྗེས་སུ་ཡང་འདུ་འཛོམས་བཀོད་སྒྲིག་བྱེད་ཀྱི་མེད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། ས་གནས་ཁག་གི་གྲོས་ཚོགས་གཏོང་སྒོ་དེ་དུས་མཚུངས་དང་བསྡུར་ན་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་དེ། མ་གནས་ཉུང་དུ་དང་དུས་ཚོད་ཐུང་དུ་ཕྱིན་ཡོད་ལ་ལས་དོན་ལས་ཆོད་ཀྱང་མཐོ་རུ་ཕྱིན་ཡོད།

སྔ་ཕྱི་བར་གསུམ་དུ་ཀུན་གྱི་དོ་ཁུར་བྱེད་པའི་རྒྱས་སྤྲོས་གཟབ་རྒྱས་ཀྱི་སྣེ་ལེན་དེ་ད་ཆ་ངོ་བོ་འགྱུར་བཞིན་ཡོད། ཨན་ཧུའེ་ཞིང་ཆེན་གྱི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཞིག་གིས་གསར་འགོད་པར། ད་ཆ་གཞི་རིམ་དུ་བརྟག་དཔྱད་བྱེད་དུ་བསྐྱོད་སྐབས་དེ་སྔོན་བཞིན་ཕེབས་བསུ་ཕེབས་སྐྱེལ་དང་ཟ་རོགས་འཐུང་རོགས་གང་འདྲ་བྱེད་མིན་ཐད་བསམ་བློ་གཏོང་དགོས་ཀྱི་མེད། ངོ་བསྟུན་བྱེད་སྒོ་ཉུང་དུ་ཕྱིན་པས་ལས་ཀའི་དུས་ཚོད་དེ་མཚུངས་ཀྱི་མང་དུ་ཕྱིན་ཡོད་ཅེས་བཤད་བྱུང་།

ཡིན་ནའང་ས་གནས་འགའ་ཤས་སུ་རང་འདོད་རང་བསམ་ཁོ་ནར་བྱེད་པའམ་ཡང་ན་ཁ་གཏད་གཅོག་མཁས་བྱེད་བཞིན་ཡོད། གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱེད་པའི་ཐད་ལ་ཕབ་ཆ་ཉུང་འཕྲི་བྱེད་པའི་སྣང་ཚུལ་ཐོན་བཞིན་ཡོད་དེ། དེ་ཡང་གཙོ་བོ་ནི།

གཅིག་ནས་ཚད་ལས་འདས་པའི་བཟའ་འཐུང་ལས་ཁུངས་ཀྱི་ཟ་ཁང་ནང་དུ་བྱེད་པ།

གཉིས་ནས་རླངས་འཁོར་གཡར་བ་དང་རླངས་འཁོར་བོག་གཏོང་བྱེད་པ་དེ་སྤྱི་པའི་རླངས་འཁོར་དུ་འགྱུར་བ།

གསུམ་ནས་གཞུང་གྲོན་རྩིས་ཞུ་བྱེད་པའི་ངོ་བོ་འགྱུར་བ་སྟེ། དཔེར་ན་ཡུལ་སྐོར་འགྲོ་གྲོན་ཚོགས་དོན་ཞབས་ཞུའི་འགྲོ་གྲོན་དུ་འགྱུར་བ་ལྟ་བུ།

རིགས་གཅིག་མཁས་པས་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ནང་ཁྲིམས་འགལ་སྒྲིག་འགལ་གྱི་སྤྱོད་ཚུལ་རྒྱུན་ཆད་མེད་པར་ཐོན་བཞིན་པ་དེའི་ཐོག་ནས་སྤྱོད་ཚུལ་ལ་འགྱུར་བ་གཏོང་བའི་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན་མངོན་ཐུབ་ཞེས་གསུང་པ་རེད།

གསར་འགོད་པའི་བཅར་འདྲི་དང་ལེན་ཞུས་པའི་ལས་བྱེད་མང་ཚོགས་ནས་སྒྲིག་སྲུང་བརྩི་བཀུར་བྱེད་པ་དེ་རྒྱུན་ལྡན་དུ་འགྱུར་བ་བྱེད་དགོས་ན་ངེས་པར་དུ་ལྟ་སྐུལ་དང་ཆད་གཅོད་ལ་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག