མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བདེ་འཇགས་དོན་རྐྱེན་ཚབས་ཆེན་གྱི་ཉེས་བསགས་ཁྲིམས་ལྟར་འཛིན་བཟུང་བྱེད་དགོས་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-22 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེ་དུས་བརྡ་ཐོ་བཏང་ནས། ཟས་རིགས་སྨན་རྫས་བདེ་འཇགས་དང་སྤྱི་པའི་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ། ནུས་རྒྱུ་དང་ཐོན་ཁུངས་ལ་གཏོར་བཤིག དེ་བཞིན་མེ་སྲོན་དང་གཏེར་ཁའི་གནོད་འཚེ། འགྲིམ་འགྲུལ་དོན་རྐྱེན་སོགས་བདེ་འཇགས་དོན་རྐྱེན་ཚབས་ཆེན་རིགས་དང་འབྲེལ་བ་ཡོད་པའི་ཉེས་བསགས་གྱོད་གཞིར་རྡུང་རྡེག་ཚ་ནན་བཏང་ནས། འཛིན་བཟུང་དང་ཞུ་གཏུགས་རྒྱབ་པའི་ཆ་རྐྱེན་དང་མཐུན་ཚེ་ཁྲིམས་ལྟར་འཛིན་བཟུང་དང་ཞུ་གཏུགས་གང་མགྱོགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་། ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་མཁན་གྱི་ཉེས་བསགས་ལ་རྡུང་རྡེག་ཚ་ནན་བཏང་ནས། ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། འཛིན་བཟུང་དང་ཞུ་གཏུགས་རྒྱབ་པའི་འགན་ནུས་དོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་ཀྱི་སྲིད་དབང་གོ་བརྡིང་བརློག་རྒྱུ་དམིགས་ཡུལ་དུ་བྱས་ཏེ་ཁྲིམས་འགལ་གྱི་འདུ་ཚོགས་དང་མི་ཚོགས་འདུ་འཛོམས་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་སྤྱི་པའི་སྡེ་ཁུལ་གྱི་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བ་ལ་སོགས་ཉེས་བསགས་བྱེད་སྒོར་རྡུང་རྡེག་མཐའ་ཅིག་ཏུ་གཏོང་དགོས། ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་ཡག་པོ་བྱས་ནས། བརྟན་ལྷིང་གི་ལས་དོན་དེ་འཕྲལ་སྒྲུབ་རྣམ་པ་ནས་རྒྱུན་གཏན་རྣམ་པར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག