མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དམག་དཔུང་ཡོངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། དམག་དཔུང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་སྐབས། ཀྲུང་དབྱང་གི་གཅིག་གྱུར་རེ་བ་ལག་བསྟར་བྱེད་དགོས་པར་མ་ཟད་རང་སྟེང་གི་ཁྱད་ཆོས་དང་འཛུགས་སྐྲུན་གྱི་ཆོས་ཉིད་མཚོན་པར་བྱས་ཏེ། མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་འབེན། ཁྱད་ཆོས་བཅས་སྲུང་སྐྱོབ་བྱེད་པ་དང་། མཐུན་སྒྲིལ་མཛའ་གཅེས་དང་འཆམ་མཐུན་སྤྱོད་བཟང་གི་ནང་ཁུལ་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ། དམག་དཔུང་གི་བྱ་བ་སྣ་ཚོགས་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་གཙོར་འཛིན་དགོས། བློ་ཐག་རྦད་ཆོད་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲས་སྤྱོད་ངན་བཅས་ལ་ངོ་རྒོལ་བྱས་ཏེ། དཔོན་དམག་གིས་བཏོན་པའི་འབུར་ཐོན་གནད་དོན་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་དགོས་པ་དང་། འགལ་བ་དང་གནད་དོན་ཐག་གཅོད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་དགོས་ལ། ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་ནང་རྐྱེན་འཛུགས་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་དགོས་པར་མ་ཟད། ཧུར་ཐག་སྒོས་བསམ་བློ་དང་རྩ་འཛུགས། བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་གིས་གནས་བབ་གསར་བའི་འོག་གི་སྟོབས་ལྡན་དམག་དཔུང་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བཟང་བོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་བརྒྱུད། དམག་དཔུང་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་སྤྱི་ཟླ6པའི་ཚེས21ཉིན་པེ་ཅིན་ནས་ཚོགས་ཏེ། དམག་དཔུང་ཡོངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་སློང་དང་བཀོད་སྒྲིག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག