མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀོ་ལེ་སྐབས་བཅུ་བདུན་པའི་ཧྲིན་པུས་ཏི་པོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:49

999.jpg

  སྤྱི་ཟླ6པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ལེ་སྐབས་བཅུ་བདུན་པའི་ཧྲིན་པུས་ཏི་པོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པར་མ་ཟད། ཁ་ཡིག་ལ་ཐུན་མོང་ལྟ་ཚུལ་གཅིག་སྡུད་དང་མཉམ་ལས་རྒྱ་བསྐྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་ཞེས་པའི་ཤིས་ཚིག་ཕུལ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ལེ་སྤྱི་ཟླ6པའི་ཚེས21ཉིན་སྐབས་བཅུ་བདུན་པའི་ཧྲིན་པུས་ཏི་པོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པར་མ་ཟད། ཁ་ཡིག་ལ་ཐུན་མོང་ལྟ་ཚུལ་གཅིག་སྡུད་དང་མཉམ་ལས་རྒྱ་བསྐྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་ཞེས་པའི་ཤིས་ཚིག་ཕུལ།

  ཀྲང་ཀོ་ལེ་ཡིས་ཤིས་ཚིག་འབུལ་སྐབས་གསུངས་རྒྱུར། ད་ལོར་འཛམ་གླིང་གི་དཔལ་འབྱོར་ཐད་ནས་ཧུར་ཐག་རང་བཞིན་གྱི་འགྱུར་ལྡོག་ཁ་ཤས་བྱུང་ནའང་། བརྟན་འཇགས་མིན་པའི་རྒྱུ་རྐྱེན་ཅུང་མང་པོ་ཞིག་སྔར་བཞིན་གནས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཞན་ཞིང་གནས་བབ་ལ་རྙོག་འཛིང་ཆེ་བ་དང་འགྱུར་ལྡོག་མང་བས། ང་ཚོས་ངེས་པར་དུ་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་མཉམ་ལས་རྒྱ་བསྐྱེད་ནས། འཛམ་གླིང་གི་དཔལ་འབྱོར་མྱུར་དུ་བསྐྱར་དར་འཕར་སྣོན་གྱི་བགྲོད་ལམ་བསྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ་ཆ་རྐྱེན་སྔར་ལས་མང་བོ་བསྐྲུན་ནས་ཕྱི་རྒྱལ་གྱིས་དུས་ཡུན་རིང་བོར་མ་དངུལ་གཏོང་བར་ནང་འདྲེན་བྱེད་དགོས་ཟེར། ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཀྲུང་གོས་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱིས་ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་སྐུལ་འདེད་ཀྱི་ནུས་པ་བཏོན་པར་གདེང་འཇོག་ཚད་མཐོན་པོ་གནང་།

  འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། རྒྱལ་ཁབ་སོ་སོས་རང་མོས་ཉོ་ཚོང་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་མུ་མཐུད་དུ་བཅོས་སྒྱུར་བྱས་ནས། རྒྱལ་ཁབ་རང་གི་དཔལ་འབྱོར་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག