ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་མམ། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་ནན་ཏན་གྱིས་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ»ཞེས་པ་དཔར་ནས་བཀྲམས་པ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་ཀྱིས་གསུང་བཤད་ལ་ནན་ཏན་གྱིས་སློབ་སྦྱོང་དང་དེ་ལག་བསྟར་བྱེད་རྒྱུ་དེ་ད་ལྟའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་རང་རྟོག་གིས་ཀྲུང་དབྱང་གི་བླང་བྱ་དང་གཅིག་གྱུར་བྱེད་དགོས་པའི་རེ་བ་བཏོན། །