སྤྱི་ཟླ6པའི་ཚེས21ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲེ་ཅང་ཞིང་ཆེན་ཏང་ཨུ་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲེ་ཅང་ཧང་ཀྲིག་གི་སྣང་བརྙན་བཟང་བོ་ཞེས་པའི་བསམ་བློ་ཀུན་སྤྱོད་འཛུགས་སྤྱོད་ཀྱི་སྔོན་ཐོན་ཉམས་མྱོང་སྙན་ཞུ་ཚོགས་འདུ་བསྡུས། སྙན་ཞུ་ཚོགས་འདུའི་སྔོན་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མི་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲེ་ཅང་ཞིང་ཆེན་ཏང་ཨུ་ཡིས་སྤྱི་ཟླ6པའི་ཚེས21ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲེ་ཅང་ཧང་ཀྲིག་གི་སྣང་བརྙན་བཟང་བོ་ཞེས་པའི་བསམ་བློ་ཀུན་སྤྱོད་འཛུགས་སྤྱོད་ཀྱི་སྔོན་ཐོན་ཉམས་མྱོང་སྙན་ཞུ་ཚོགས་འདུ་བསྡུས། སྙན་ཞུ་ཚོགས་འདུའི་སྔོན་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མི་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ལིག་ཡུན་ཧྲན་གྱིས་མི་སྣ་བཟང་བོ་ལ་སློབ་སྦྱོང་དང་བསམ་པ་བཟང་བོ་དར་སྤེལ་བྱེད་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་དུ་བཞག་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཟུང་འབྲེལ་བྱེད་དགོས་པར་མ་ཟད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བསམ་བློའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།
སྙན་ཞུ་ཚོགས་འདུའི་སྟེང་ཁྲིན་བེ་ཆང་དང་བུའུ་ཅུའུ་ཕེན། ཧོང་ཞོ་རོང་སོགས་ཀྱིས་མི་སེམས་འགུལ་བའི་སྙན་ཞུ་ཕུལ་ཏེ། ཕྱོགས་མང་བོ་ནས་ཧང་ཀྲིག་གི་སྣང་བརྙན་བཟང་བོ་ཞེས་པའི་ནང་དོན་རྒྱས་བཤད་བྱས། རྒྱལ་སའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི700ལྷག་སྙན་ཞུ་ཚོགས་འདུར་ཞུགས། །