མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཞུགས་ནས་གསུངས་བཤད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་སྤྱི་ཟླ6པའི་ཚེས18ཉིན་གྱི་ཕྱི་དྲོར་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཞུགས་ནས་གསུངས་བཤད་གནང་། ཁོང་གིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། གསུངས་བཤད་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོའི་ལག་ལེན་བྱ་འགུལ་གྱི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་རེ་བ་གསལ་བོར་ཤེས་པར་བྱེད་དགོས་ལ། རྩ་འཛུགས་ཞིབ་མོ་དང་ལག་བསྟར་ནན་མོ་བྱས་ནས། སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་དེའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་སྐབས། སློབ་སྦྱོང་སློབ་གསོ་དང་བསམ་བློ་རིགས་གཞུང་དེ་ལས་འགན་དང་པོར་བཞག་སྟེ། ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་མ་ལག་ལ་སློབ་སྦྱོང་བྱེད་པ། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་སྲོལ་རྒྱུན་བཟང་བོ་སློབ་སྦྱོང་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོའི་ལྟ་བ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ཆེད་དོན་བགྲོ་གླེང་སྤེལ་བར་སྣེ་ཁྲིད་བྱེད་དགོས་པ་དང་། ཏང་ཡོན་ལས་བྱེད་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་འདུན་ལག་བསྟར་བྱེད་པ་དང་། བློ་སེམས་རྩེ་གཅིག་སྒོས་མི་དམངས་ལ་ཞབས་ཕྱི་བསྒྲུབ་པའི་དམིགས་འབེན་འདུ་ཤེས་བརྟན་པོར་ཆགས་པར་སྣེ་ཁྲིད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག