མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:32

444.jpg

  སྤྱི་ཟླ6པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ6པའི་ཚེས20ཉིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱ་མཚོ་ལྷོ་མའི་གནད་དོན་ཐག་གཅོད་བཟང་བོ་བྱེད་རྒྱུ་དེ་ཀྲུང་གོ་དང་ཡོ་ནན་བར་གྱི་འབྲེལ་བ་དང་དེ་མིན་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཐད་ཀར་དུ་འབྲེལ་བ་ཡོད། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་གྱི་ཐབས་ལམ་ལ་བརྟེན་ནས་འགལ་བ་སྣ་ཚོགས་ཐག་གཅོད་བཟང་བོ་བྱེད་དགོས་པ་དང་། ཕྱོགས་གཅིག་གིས་རྒྱ་མཚོ་ལྷོ་མའི་གནད་དོན་དེ་རྒྱལ་སྤྱི་ཅན་དུ་འགྱུར་བའི་འགུལ་སྐྱོད་སྤེལ་བར་སྔོན་འགོག་བྱས་ནས། གནས་ལུགས་མེད་པའི་རྒྱུ་རྐྱེན་གྱིས་ཀྲུང་གོ་དང་ཡོ་ནན་བར་གྱི་མཉམ་ལས་ལ་གནོད་མི་སྐྱེལ་བར་བྱེད་དགོས། འགལ་བ་ཇེ་ཉུང་དུ་སོང་ན་ཕན་ཡོད་རྒྱུ་རྐྱེན་ཇེ་མང་དུ་འགྲོ་སྲིད་པར་མ་ཟད། ཐུན་མོང་གི་ཁེ་ཕན་ཡང་ཇེ་མང་དུ་འགྲོ་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཚོ་ངོས་སུ་མཉམ་དུ་གསར་སྤེལ་བྱས་ནས་རྒྱ་མཚོ་ལྷོ་མའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པར་ཆ་རྐྱེན་བསྐྲུན་དགོས་ཟེར།

  ཀྲང་ཅིན་ཁྲོང་གིས་བཤད་རྒྱུར། ཡོ་ནན་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གཉིས་ཕན་མཉམ་རྒྱལ་གྱི་བསམ་བློ་བཅངས་ཏེ་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་པ་དང་། མཛའ་མཐུན་གྲོས་མོལ་བརྒྱུད་དེ་མཚོ་ངོས་གནད་དོན་ཐག་གཅོད་བཟང་བོ་བྱས་ནས། མཚོ་ངོས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འགལ་བ་ཇེ་ཉུང་དུ་གཏོང་བར་མ་ཟད། ཁེ་ཕན་རྒྱ་བསྐྱེད་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག