མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་ཐུག་འཕྲད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:32

222.jpg

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ6པའི་ཚེས20ཉིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་ཐུག་འཕྲད་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ6པའི་ཚེས20ཉིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་ཐུག་འཕྲད་བྱས།

  ལིས་ཁི་ཆང་གིས་བཤད་རྒྱུར། ལོ་ངོ་ཉི་ཤུའི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་། ཐུན་མོང་གི་དར་རྒྱས་ལ་ཡར་སྐུལ་བྱེད་པར་ནུས་པ་གལ་ཆེན་བཏོན།མཉམ་འབྲེལ་རྒྱལ་ཚོགས་སྒྲིག་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ནི་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་རྨང་རྡོ་ལྟ་བུ་ཡིན་ལ། མིའི་རིགས་ཀྱིས་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བའི་སྤྱི་ཆིངས་ཆེས་ཆེན་པོ་ཡིན་པས། ངེས་པར་དུ་དེར་སྲུང་སྐྱོབ་བརྟན་པོ་བྱེད་དགོས། ཀྲུང་གོས་ནམ་ཡིན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། སི་རི་ཡ་སོགས་ས་ཁུལ་གྱི་གནད་དོན་གལ་ཆེན་འོས་འཚམ་གྱིས་ཐག་གཅོད་པར་སྐུལ་འདེད་བྱེད་འདོད་ཡོད་ཟེར།

  ལིས་ཁི་ཆང་གིས་བསྟན་དོན། འཕེལ་རྒྱས་དང་རྒྱུན་བསྲིང་འཕེལ་རྒྱས་ཀྱི་གནད་དོན་ནི་དམ་དུ་འབྲེལ་ཡོད། ཀྲུང་གོ་ནི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ། ནམ་ཡིན་ཡང་འཕེལ་རྒྱས་དེ་གོ་གནས་དང་པོར་བཞག་ཡོད། དེ་དང་མཉམ་དུ་རྒྱུན་བསྲིང་འཕེལ་རྒྱས་ལ་དེ་ལས་ཀྱང་མཐོང་ཆེན་བྱེད་བཞིན་ཡོད། དེང་སྐབས་འཛམ་གླིང་གི་འཕེལ་རྒྱས་གནད་དོན་དེ་ད་དུང་ཐག་བཅད་མེད་པ་དང་། དབུལ་སེལ་སོགས་ཀྱི་ལས་འགན་སྣ་ཚོགས་སྔར་བཞིན་གནས་ཡོད་ལ། རྒྱུན་བསྲིང་འཕེལ་རྒྱས་ཀྱི་གནད་དོན་ཉིན་རེ་བཞིན་གལ་ཇེ་ཆེར་འགྲོ་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་དང་རྒྱུན་བསྲིང་འཕེལ་རྒྱས་བར་དུ་ལུགས་མཐུན་གྱི་དོ་མཉམ་ཡོང་ས་ཞིག་བཙལ་ཏེ། ཕྱོགས་གཉིས་མཉམ་དུ་གོང་འཕེལ་དུ་འགྲོ་བར་བྱེད་དགོས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་མིའི་རིགས་ཡོངས་ལ་ཕན་འདོགས་རྒྱུ་ཡིན་ཟེར།

  ཕན་ཅི་ཝུན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། སྟོང་ལོའི་འཕེལ་རྒྱས་དམིགས་འབེན་སྔ་མོ་ནས་མངོན་འགྱུར་བྱས་ཏེ། ཀྲུང་གོ་མི་དམངས་དང་འཛམ་གླིང་མི་དམངས་ཀྱི་བདེ་སྐྱིད་ལ་སྲུང་སྐྱོབ་སྔར་ལས་བཟང་བོ་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག