མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཁ་ལ་ཐི་ཡིས་ཁྲིད་པའི་རྒྱ་གར་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:32

000.jpg

  སྤྱི་ཟླ6པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཁ་ལ་ཐི་ཡིས་ཁྲིད་པའི་རྒྱ་གར་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་སྤྱི་ཟླ6པའི་ཚེས20ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཁ་ལ་ཐི་ཡིས་ཁྲིད་པའི་རྒྱ་གར་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ད་ལྟ་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་ཕུགས་འདུན་ནི་རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་ཡོང་བ་བཅས་ཀྱི་ཕུགས་འདུན་ཡིན་པར་མ་ཟད། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ཕུགས་འདུན་ཡང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱ་གར་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་སློབ་སྦྱོང་དང་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་རྒྱ་གར་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བདེ་སྐྱིད་ཡོང་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

  ཁ་ལ་ཐི་ཡིས་བཤད་རྒྱུར། རྒྱ་གར་གུང་ཁྲན་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ཇེ་མང་དུ་བཏང་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག