མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ5བར་གྲོང་ཁྱེར་ཆེ་འབྲིང70ཡི་ཁང་པའི་རིན་གོང་བཅུ་ཆ་དགུ་འཕར་ཡོད་ནའང་འཕར་ཚུལ་འགོར་ཏུ་སོང་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-20 11:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས18ཉིན་གྱི་སྔ་དྲོ་རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་སྤྱི་ལོ2013ལོའི་སྤྱི་ཟླ5བར་གྲོང་ཁྱེར་ཆེ་འབྲིང70ཡི་ཁང་པའི་རིན་གོང་ལ་འགྱུར་བ་བྱུང་ཚུལ་ཡོངས་བསྒྲགས་བྱས་ཡོད་པ་རེད།

སྡོམ་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་གསལ་བར། གསར་ཏུ་བརྒྱབ་པའི་ཚོང་ཟོག་སྡོད་ཁང་གི་རིན་གོང་ཐད་ཟླ་བ་གོང་མ་དང་བསྡུར་ན་གྲོང་ཁྱེར་ཆེ་འབྲིང70ཡི་ནང་རིན་གོང་ཆག་པའི་གྲོང་ཁྱེར3ཡོད་པ་དང་གཅིག་མཚུངས་ཡིན་པའི་གྲོང་ཁྱེར་གཉིས་ཡོད་པ། རིན་གོང་འཕར་བའི་གྲོང་ཁྱེར65ཡོད་པ། ཟླ་བ་གོང་མའི་དུས་མཚུངས་དང་བསྡུར་ན་རིན་གོང་འཕར་བའི་གྲོང་ཁྱེར་ནང་འཕར་ཚད་མཐོ་ཤོས2.9%ཡིན་པ་རེད།

རྒྱལ་ཁབ་སྡོམ་རྩིས་ཅུས་གྲོང་ཁྱེར་སིའི་མཐོ་རིམ་སྡོམ་རྩིས་དབུ་ཆེན་ལིའུ་ཅན་ཝེའི་ཡིས། སྤྱི་ཟླ5བར་ཁང་རིན་འཕར་ཚུལ་མུ་མཐུད་འགོར་ཏུ་ཕྱིན་པ་དེ་གཙོ་བོ་ཕྱོགས་གཉིས་ཀྱི་ཐད་ནས་མངོན་གྱི་ཡོད་པ་སྟེ། དང་པོ་ནི་ཟླ་བ་གོང་མའི་དུས་མཚུངས་དང་བསྡུར་ན་རིན་གོང་འཕར་པའི་གྲོང་ཁྱེར་ཉུང་དུ་ཕྱིན་པ་དང་ཟླ་བ་གོང་མའི་དུས་མཚུངས་དང་བསྡུར་ན་རིན་གོང་ཆག་པའི་གྲོང་ཁྱེར་མང་དུ་ཕྱིན་ཡོད་པ་དང་དེའི་ནང་གསར་ཏུ་བརྒྱབ་པའི་ཚོང་ཟོག་སྡོད་ཁང་དང་ཉོ་ཐེངས་གཉིས་པའི་ཁང་པའི་རིན་གོང་ཟླ་བ་གོང་མའི་དུས་མཚུངས་དང་བསྡུར་ན་འཕར་བའི་གྲོང་ཁྱེར་གྱི་གྲངས་འབོར་ཆ་སྙོམས་བྱས་ན་སྤྱི་ཟླ4པ་དང་བསྡུར་ན་གཉིས་ཉུང་དུ་ཕྱིན་ཡོད་པ་དང་ཟླ་བ་གོང་མའི་དུས་མཚུངས་ལས་ཁང་རིན་ཆག་པའི་གྲོང་ཁྱེར་སྤྱི་ཟླ4པ་དང་བསྡུར་ན་ཁག་སོ་སོར་གཅིག་དང་གཉིས་མང་དུ་ཕྱིན་ཡོད་པ་རེད། གཉིས་པ་ནི་ཟླ་བ་གོང་མའི་དུས་མཚུངས་དང་བསྡུར་ན་འཕར་ཚད་ཆུང་དུ་ཕྱིན་ཡོད་ཅིང་དེའི་ནང་གསར་ཏུ་བརྒྱབ་པའི་ཚོང་ཟོག་སྡོད་ཁང་གི་རིན་གོང་ཟླ་བ་གོང་མའི་དུས་མཚུངས་དང་བསྡུར་ན་འཕར་ཚད་སྤྱི་ཟླ4པ་ལས་ཆུང་དུ་ཕྱིན་པའི་གྲོང་ཁྱེར34ཡོད་པ་རེད། ཧྥུ་ཀྲོའུ་དང་ཀྲེན་ཀྲོའུ། ཀོང་ཀྲོའུ། ཁྲེན་ཏུའུ་བཅས་ཀྱི་གསར་ཏུ་བརྒྱབ་པའི་ཚོང་ཟོག་སྡོད་ཁང་གི་རིན་གོང་ཟླ་བ་གོང་མའི་དུས་མཚུངས་ལས་འཕར་ཚད་བརྒྱ་ཆའི་གནས0.6ཡན་ཟིན་པ་དང་ཉོ་ཐེངས་གཉིས་པའི་སྡོད་ཁང་གི་རིན་གོང་ཟླ་བ་གོང་མའི་དུས་མཚུངས་ལས་འཕར་ཚད་སྤྱི་ཟླ4པ་དང་བསྡུར་ན་ཆུང་དུ་ཕྱིན་པའི་གྲོང་ཁྱེར30ཡོད་པ་རེད། སྤྱི་ཟླ5པར་གསར་ཏུ་བརྒྱབ་པའི་ཚོང་ཟོག་སྡོད་ཁང་དང་ཉོ་ཐེངས་གཉིས་པའི་སྡོད་ཁང་གི་རིན་གོང་དུས་མཚུངས་ལས་འཕར་བའི་གྲོང་ཁྱེར་སྤྱི་ཟླ4པ་ལས་ཅུང་འཕར་ཡོད་པ་དང་དེར་ཁང་པའི་རིན་གོང་ཟླ་བ་གོང་མའི་དུས་མཚུངས་དང་བསྡུར་ན་འཕར་བའི་རྒྱུ་རྐྱེན་ཡོད་ལ་ན་ནིང་གི་ཟླ་མཚུངས་དང་བསྡུར་བའི་གཞི་གྲངས་བལྟོས་བཅས་ཀྱི་ཉུང་བའི་རྒྱུ་རྐྱེན་ཡང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག