མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཚན་རྩལ་བྱ་དགའི་དཔྱད་འདེམས་ཐོག་མའི་སྨྱན་སྦྱོར་སྒོ་འབྱེད་བྱེད་སྒོ་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-20 11:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས18ཉིན་སྐོང་འཚོགས་བྱས་པའི་སྤྱི་ལོ2013ལོའི་རྒྱལ་ཁབ་ཚན་རྩལ་བྱ་དགའི་དཔྱད་འདེམས་ཐོག་མའི་སྨྱན་སྦྱོར་སྒོ་འབྱེད་བྱེད་སྒོའི་ཐོག རྒྱལ་ཁབ་ཚན་རྩལ་བྱ་དགའི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཁྲེན་ཀྲེ་མིན་གྱིས། ད་ལོའི་རྣམ་གྲངས་ཆེན་པོ་གསུམ་གྱི་བྱ་དགའི་སྤྱི་འབོར་དེ་སྤྱི་ལོ2012ལོ་དང་བསྡུར་ན་མུ་མཐུད་དུ་ཉུང་དུ་བཏང་ཡོད་པས7.6%ཉུང་དུ་ཕྱིན་ཡོད། དེའི་ནང་ཚན་རྩལ་ཡར་ཐོན་བྱ་དགའ་ཉུང་དུ་བཏང་ཚད11%ཟིན་ཡོད། དུས་མཚུངས་སུ་རང་བདག་གསར་གཏོད་གྲུབ་འབྲས་དང་གལ་ཆེའི་གསར་གཏོད་འོས་སྦྱོར་བྱེད་རྒྱུར་བསྔགས་སྐུལ་བྱེད་ཆེད། རང་བྱུང་ཚན་རིག་བྱ་དགའ་དང་། ལག་རྩལ་གསར་གཏོད་བྱ་དགའ་དེ་རྣམ་གྲངས་ཆེན་པོ་གསུམ་གྱི་ནང་གི་བསྡུར་གྲངས་འོས་འཚམས་ཀྱི་མཐོ་རུ་བཏང་ཡོད་པས་གོམས་གང་མདུན་སྤོས་ཀྱི་བྱ་དགའི་གྲུབ་ཆ་ལེགས་འགྱུར་ཐུབ་ཡོད།

ད་ལོ་གཞོན་ནུ་ཚན་རྩལ་ཤེས་ལྡན་མི་སྣའི་བྱ་དགའ་འབུར་ཐོན་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་འོས་སྦྱོར་ལས་དོན་ཁྲོད། རང་ལོ40མན་གྱི་གཞོན་ནུ་མི་སྣས་སྣེ་ཁྲིད་བྱས་པའི་ཐོག་ལེགས་འགྲུབ་བྱུང་བའི་རྨང་གཞིའི་ཞིབ་འཇུག་རྣམ་གྲངས་ལེགས་འགྲུབ་ཐུབ་ཡོད། དེ་ནི་མི་སྣ3ཡན་གྱི་རྒྱལ་ནང་གི་ལས་རིགས་གཅིག་པའི་རིགས་གཅིག་མཁས་པས་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགར་ཐུན་མོང་ཐོག་འོས་སྦྱོར་བྱེད་པ་ལས་འོས་སྦྱོར་གྱི་ཚད་གཞིའི་ཚད་བཀག་ཐེབས་རྒྱུ་མིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག