མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གུང་གཞོན་སྡེ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པའི་འཐུས་མིས་ཚོགས་ཆུང་ཁག་བགོས་ཀྱིས་ཏང་ཀྲུང་དབྱང་གི་ཤིས་ཚིག་ལ་གྲོས་བསྡུར་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-20 11:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོ་གུང་གཞོན་སྡེ་ཚོགས་ཚོགས་ཆེན་ཐེངས་བཅུ་བདུན་པར་ཞུགས་མཁན་འཐུས་མིས་ཚོགས་ཆུང་ཁག་བགོས་ཀྱིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གུང་གཞོན་སྡེ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་ཤིས་ཚིག་ལ་གྲོས་བསྡུར་གནང་བ་དང་། འཐུས་མི་ཚོས་མགྲིན་དབྱངས་གཅིག་གྱུར་ཐོག ཏང་ཀྲུང་དབྱང་གི་ཤིས་ཚིག་དེས་ཏང་གིས་སྲིད་འཛིན་བྱེད་པའི་གཞོན་ནུའི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དང་། ཏང་གི་བྱ་གཞག་གི་རྒྱུན་འཛིན་པ་འགན་ལེན་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། དེང་རབས་གཞོན་ནུ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱེད་པའི་ཐད་རེ་བ་ཟབ་མོ་བཏོན་ཡོད་པ་དང་། གུང་གཞོན་སྡེ་ཚོགས་སྒྲིག་འཛུགས་དང་རྒྱ་ཆེའི་སྡེ་ཚོགས་ལས་བྱེད་པས་དུས་བབ་གསར་པའི་འོག་གི་ཏང་གི་གཞོན་ནུ་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཐད་བླང་བྱ་གསལ་སྟོན་མཛད་ཡོད་པས། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཞོན་ནུའི་མི་རབས་ལ་བྱམས་བརྩེའི་ཐུགས་ཁུར་དང་གུང་གཞོན་སྡེ་ཚོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མངོན་ཡོད་ལ། དུས་མཚམས་གསར་པའི་གུང་གཞོན་སྡེ་ཚོགས་བྱ་གཞག་གོང་འཕེལ་ཐད་མདུན་བསྐྱོད་ཁ་ཕྱོགས་གསལ་བཏོན་མཛད་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཚང་མས་གཅིག་མཇུག་གཉིས་མཐུད་ངང་། ཏང་ཀྲུང་དབྱང་གི་ཤིས་ཚིག་དགོངས་དོན་ལ་ངེས་པར་དུ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས་པ་དང་། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ། དད་སེམས་བརྟན་པོ་དང་། འོས་འགན་སེམས་ལ་བརྟན་པོར་ངེས་པ། ཏན་ཏན་ཏིག་ཏིག སྙིང་རུས་ཡར་བརྩོན་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་ཆེད་འབད་འཐབ་བྱེད་དགོས་པ་དང་། བློ་སྟོབས་ཆེན་པོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལང་ཚོའི་འགན་འཁྲི་འཁུར་དགོས་ཞེས་བསྟན།

སྡེ་ཚོགས་ཐན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ལེའུ་ཀྲེ་ཆང་གིས། ཏང་ཀྲུང་དབྱང་གི་ཤིས་ཚིག་ལས་སྡེ་ཚོགས་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་ཚུན་གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུ་སྒྲིག་འཛུགས་དང་གཞོན་ནུར་ཁྲིད་སྟོན། གཞོན་ནུར་ཞབས་ཞུ། གཞོན་ནུ་ལོ་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་ཀྱི་འགན་ནུས་ལག་བསྟར་ཏན་ཏིག་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཞབས་འདེགས་ཞུ་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་དང་། རྒྱ་ཆེའི་སྡེ་ཚོགས་ལས་བྱེད་པའི་སེམས་ཤུགས་ལྡབ་འཕར་བྱུང་བ། ང་ཚོའི་གུང་གཞོན་སྡེ་ཚོགས་ལས་དོན་དང་བྱ་གཞག་ཟམ་མི་ཆད་པར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་སེམས་ཤུགས་དང་ཆོད་སེམས་སྔར་བས་འཕེལ་བ་བྱས་ཡོད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག