མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-20 11:18

888.jpg

       སྤྱི་ཟླ6པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས19ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་།

   མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་ཀྱི་མ་འོངས་བའི་འཕེལ་རྒྱས་ཐད་ལ་རླབས་ཆེན་དམིགས་འབེན་བཀོད་ཡོད། ཀྲུང་གོར་མཉམ་འབྲེལ་རྒྱལ་ཚོགས་མཁོ་ཞིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཡང་ཀྲུང་གོ་མཁོ་བ་དང་། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་བློ་བརྟན་འགྱུར་མེད་སྒོས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། ཀྲུང་གོས་མུ་མཐུད་དུ་སྟོབས་ཤུགས་གང་ཡོད་བཏོན་ནས་རྒྱལ་སྤྱིའི་རྩོད་གཞི་ཞི་བས་ཐག་གཅོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་པར་མ་ཟད། ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་སོགས་གནད་དོན་ལ་མཉམ་དུ་ཁ་གཏད་འཇལ་ནས། འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཡར་ཐོན་ཡོང་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

   ཕན་ཅི་ཝུན་གྱིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་འགུལ་སྐྱོད་ལ་རྒྱབ་སྐྱོར་དང་དེའི་ཁྲོད་དུ་ཞུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་དང་དེ་མིན་ས་ཁུལ་དང་འཛམ་གླིང་རང་བཞིན་གྱི་གནད་དོན་དང་འགྲན་རྩོད་སྣ་ཚོགས་ཐད་ལ་ཀྲུང་གོས་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རེ་བ་ཡིན་ཟེར།

  ཕྱོགས་གཉིས་ཀྱིས་ད་དུང་སི་རི་ཡ་དང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སོགས་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག