མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དགུ་ཚིགས་གཉིས་པ་རྟགས་ཅན་གྱི་རིམ་འདས་རྩིས་འཁོར་མ་ལག་ལེགས་འགྲུབ་བྱུང་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-20 11:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་རྒྱལ་སྲུང་ཚན་རྩལ་སློབ་སློབ་གྲྭ་ཆེན་མོས་བཟོས་པའི་དགུ་ཚིགས་གཉིས་པ་རྟགས་ཅན་གྱི་རིམ་འདས་རྩིས་འཁོར་མ་ལག་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། གྲུབ་འབྲས་དེ་བླངས་པར་སྤྲོ་སེམས་འཕེལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། མ་ལག་ཞིབ་འཇུག་བཟོ་སྐྲུན་ལས་འགན་དུ་ཞུགས་པའི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་གིས་ཁམས་འདྲི་བྱས།

ཞི་ཅིན་ཕེན་གྱིས་དགུ་ཚིགས་གཉིས་པ་རྟགས་ཅན་གྱི་རིམ་འདས་རྩིས་འཁོར་མ་ལག་ལེགས་འགྲུབ་བྱུང་བ་དེ་ལས། རང་རྒྱལ་གྱི་རིམ་འདས་རྩིས་འཁོར་མ་ལག་ཁོངས་གཏོགས་དེ་འཛམ་གླིང་གི་མདུན་གྲལ་དུ་ཚུད་པ་མཚོན་པ་དང་། བློ་མཐུན་རྣམས་ཀྱིས་ཉམས་མྱོང་སྤྱི་སྡོམ་དང་། ཡང་འབད་བསྐྱར་འབད། རང་བདག་གསར་སྐྲུན་བཅས་ལ་བརྟེན་ནས། ལག་རྩལ་ཞིབ་འཇུག་གཙོ་བོ་རྒྱུན་ཆད་མེད་པར་ལེགས་པོར་བསྒྲུབ་ནས། རང་རྒྱལ་གྱི་ཚན་རྩལ་ཡར་ཐོན་དང་། གསར་སྐྲུན་ཅན་གྱི་རྒྱལ་ཁབ་བསྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག