མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རིག་གནས་པུས་ཁེ་གཉེར་རང་བཞིན་གྱི་འཁྲབ་སྟོན་ཁག་ཅིག་ལ་ཞིབ་མཆན་འགོད་རྒྱུ་མེད་པར་བཟོས་བ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-20 11:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ6པའི་ཚེས17ཉིན་རིག་གནས་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་སྤྱི་ཟླ7པའི་ཚེས1ཉིན་ནས་བཟུང་། ཕྱི་རྒྱལ་གྱི་རིག་རྩལ་འཁྲབ་སྟོན་ཚོགས་པ་དང་། མི་སྒེར་གྱིས་ཀྲུང་གོར་གླུ་གར་རོལ་རྩེད་ཁུལ་མིན་པའི་ས་ཆར་ཁེ་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་པར་ཡོང་བར་ཞིབ་མཆན་འགོད་སྐབས། ཐོ་འགོད་དང་ལེན་བྱེད་རྒྱུའི་ལས་འགན་ཞིང་ཆེན་རིམ་པའི་རིག་གནས་གཙོ་འགན་སྡེ་ཁག་གིས་འཁུར་རྒྱུ་ཡིན་པ་ལས། རིག་གནས་པུས་དེ་དང་འབྲེལ་བའི་ཞིབ་མཆན་འགོད་པའི་རྣམ་གྲངས་ཐོ་འགོད་དང་ལེན་ཞུ་བའི་ལས་འགན་འཁུར་རྒྱུ་མིན་པ་རེད།

ཉེ་དུས་འགྲེམས་སྤེལ་བྱས་པའི་རིག་གནས་པུའི་ཁེ་གཉེར་རང་བཞིན་གྱི་འཁྲབ་སྟོན་གྱི་རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུ་མེད་པར་བཟོ་བའམ་དབང་ཆ་གཤམ་སྤྲོད་བྱེད་རྒྱུའི་ལས་དོན་སྐོར་གྱི་བརྡ་ཐོར་གཞིགས་ན། ཕྱིའི་རྒྱལ་ཁབ་བམ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་རིག་རྩལ་འཁྲབ་སྟོན་ཚོགས་པ་དང་། མི་སྒེར་གྱིས་ཁེ་གཉེར་རང་བཞིན་གྱི་འཁྲབ་སྟོན་ནང་ཞུགས་སྐབས། འཁྲབ་སྟོན་བྱེད་སའི་ས་ཁུལ་གྱི་ཞིང་ཆེན་རིམ་པའི་རིག་གནས་གཙོ་འགན་སྡེ་ཁག་ལ་རེ་ཞུ་ཕུལ་དགོས་པ་དང་། ཞིང་ཆེན་རིམ་པའི་རིག་གནས་གཙོ་འགན་སྡེ་ཁག་གིས་ཁེ་གཉེར་རང་བཞིན་གྱི་འཁྲབ་སྟོན་དོ་དམ་སྲོལ་ཡིག་དང་། དེ་བཞིན་དེའི་ཞིབ་ཕྲའི་ལག་བསྟར་བྱ་ཐབས་གཞིར་བཟུང་། རེ་ཞུ་ཐོ་འགོད་དང་ལེན་བྱས་པའི་ཉིན་དེ་ནས་བཟུང་ཉིན་ཉི་ཤུའི་ནང་ཐག་གཅོད་བྱེད་དགོས་ཀྱི་ཡོད་པ་རེད།

བརྡ་ཐོའི་ནང་། རིག་གནས་གཙོ་འགན་སྡེ་ཁག་གིས་འཁྲབ་སྟོན་ཁེ་གཉེར་ཚན་པ་འགྱུར་ལྡོག་གཏོང་བར་ཞིབ་མཆན་འགོད་རྒྱུ་མེད་པར་བཟོས་པ་དང་། རིག་རྩལ་འཁྲབ་སྟོན་ཚོགས་པས་མིང་དང་། སྡོད་གནས། ཁྲིམས་གཏན་འཁེལ་བའི་འཐུས་མི་སོགས་ལ་འགྱུར་བ་གཏོང་སྐབས། འགྱུར་ལྡོག་བཏང་ཟིན་རྗེས་ཀྱི་བཟོ་ཚོང་ཁེ་གཉེར་ལག་འཁྱེར་གྱི་བུ་དེབ་བམ་རྩ་འཛུགས་ལས་ཁུངས་ཀྱི་ཚབ་རྟགས་ལག་འཁྱེར་དང་། དེ་སྔའི་ཁེ་གཉེར་རང་བཞིན་འཁྲབ་སྟོན་གྱི་ཆོག་འཐུས་ལག་འཁྱེར་གྱི་བུ་དེབ་འཁྱེར་སྟེ། ཐོག་མར་ལག་འཁྱེར་སྤྲོད་མཁན་ལས་ཁུངས་སུ་བསྐྱོད་དེ་ཆོག་འཐུས་ལག་འཁྱེར་བརྗེས་ཆོག་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག