མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་གློག་དྲ་ཡིས་སྔོན་རྩིས་ལྟར་ན་ད་ལོའི་དབྱར་ཁ་གློག་བེད་སྤྱོད་བྱེད་ཚད8.4%འཕར་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-20 11:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱར་དུས་ཀྱི་གློག་བེད་སྤྱོད་བྱེད་མང་ཤོས་ཀྱི་དུས་ཚོད་སླེབ་པར་ཁ་གཏད་གཅོག་ཆེད། རྒྱལ་ཁབ་གློག་གི་དྲ་བའི་ཀུང་སིས་སྤྱི་ཟླ6པའི་ཚེས15ཉིན་ཁྱོན་ཡོངས་ནས་བདེ་འཇགས་ཞིབ་བཤེར་ཆེན་པོ་བྱས་ཡོད་པ་རེད། སྔོན་རྩིས་བྱས་ན་ད་ལོའི་དབྱར་ཁ་ཀུང་སི་དེས་གློག་མཁོ་འདོན་བྱས་པའི་རྒྱལ་ཡོངས་ཀྱི་ས་ཁུལ80%ཡི་སྤྱི་ཚོགས་ཡོངས་ཀྱི་གློག་བེད་སྤྱོད་གཏོང་ཚད་དུས་མཚུངས་དང་བསྡུར་ན8.4%འཕར་རྒྱུ་ཡིན་པ་དང་། འཕར་ཚད་ན་ནིང་དང་བསྡུར་ན་བརྒྱ་ཆའི་གནས5.3མཐོ་རུ་ཕྱིན་ཡོད་པ་རེད།

རྒྱལ་ཁབ་གློག་གི་དྲ་བའི་ཀུང་སིས་ཧ་པེ་བྱང་རྒྱུད་དང་། ཧུའུ་ནན། སི་ཁྲོན། ཁྲུང་ཆིང་། མཚོ་སྔོན། ཤིན་ཅང་། བོད་ལྗོངས་སོགས་ཞིང་ཆེན་རིམ་པའི་གློག་དྲའི་གློག་བེད་སྤྱོད་གཏོང་བའི་འཕར་ཚད་ཅུང་ཆེན་པོ་ཡོད་པ་དང་། སྔོན་རྩིས་བྱས་ན10%ལས་བརྒལ་རྒྱུ་ཡིན་པ་རེད། དྲ་བ་ཡོངས་ཀྱི་གློག་བེད་སྤྱོད་གཏོང་ཚད་སྔོན་རྩིས་བྱས་ན་ཆན་ཝ་དུང་ཕྱུར5.9ཟིན་རྒྱུ་ཡིན་པ་དང་། དུས་མཚུངས་ལས11.3%འཕར་རྒྱུ་ཡིན་པ་རེད། དབྱར་དུས་གློག་བེད་སྤྱོད་བྱེད་མང་ཤོས་རིང་བདེ་འཇགས་དང་བློས་འགེལ་ཆོག་པའི་གློག་མཁོ་འདོན་བྱ་རྒྱུར་འགན་ལེན་བྱེད་ཆེད། རྒྱལ་ཁབ་གློག་གི་དྲ་བས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་མོ་བྱེད་པ་དང་། གློག་བེད་སྤྱོད་བྱེད་མཁན་གྱིས་གློག་བེད་སྤྱོད་བྱེད་པའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཡུལ་མིའི་འཚོ་བའི་ཐད་བེད་སྤྱོད་བྱེད་པའི་གློག་སྔོན་ལ་འགན་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་བཟུང་ནས། རྒྱ་ཁྱོན་ཆེ་བའི་གློག་ཆད་པའི་གནས་ཚུལ་མི་ཐོན་པ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག