མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་འཁུར་མཁན་ཏི་ཡ་སི་ཁཱ་ནི་ཨར་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-19 11:49

1.jpg

  སྤྱི་ཟླ6པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་འཁུར་མཁན་ཏི་ཡ་སི་ཁཱ་ནི་ཨར་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས18ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་འཁུར་མཁན་ཏི་ཡ་སི་ཁཱ་ནི་ཨར་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་ཏི་ཡ་སི་ཁཱ་ནི་ཨར་བརྒྱུད་ནས་ཀྲུའུ་ཞི་ལའོ་ཨར་ཁ་སི་ཐི་ལོ་དང་བློ་མཐུན་ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་གཉིས་ལ་སེམས་གཏིང་ནས་ཁམས་འདྲི་མཛད།

  ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་པ་ནས་བཟུང་ཐོག་མཐའ་བར་དུ་ཕན་ཚུན་ལ་རྒྱུས་ལོན་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས། དུས་རབས་གསར་བར་བསྐྱོད་པ་ནས་བཟུང་ཀྲུང་གོ་དང་ཁུ་པའི་འབྲེལ་བ་ཉིན་རེ་བཞིན་ཇེ་ལེགས་སུ་སོང་བ་དང་། མཉམ་ལས་ནང་རྐྱེན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་ནས་གསོན་ཤུགས་ཆེན་པོ་མངོན་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཁུ་པའི་བར་གྱི་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་ཏང་བར་གྱི་འགྲོ་འོང་དང་རྒྱལ་བཅོས་སྲིད་སྐྱོང་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཆེར་གཏོང་བ་དང་ཐུན་མོང་གི་ལྟ་བ་རྒྱུན་ཆད་མེད་པར་དངོས་འབེབ་བྱེད་པ། ཕན་ཚུན་བར་གྱི་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ་རང་སོ་སོའི་འཕེལ་རྒྱས་དང་ཐུན་མོང་གི་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནས་ཕན་ཚུན་ལ་གཞོགས་འདེགས་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཤུགས་རྐྱེན་མཐོར་འདེགས་སུ་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་མངོན་འགྱུར་བྱེད་པའི་ཐད་ལ་བྱས་རྗེས་འཇོག་འདོད་ཡོད་ཟེར།

   ཏི་ཡ་སི་ཁཱ་ནི་ཨར་གྱིས་ཀྲུའུ་ཞི་ལའོ་ཨར་ཁ་སི་ཐི་ལོ་དང་བློ་མཐུན་ཧྥེ་ཨར་ཏི་ཁ་སི་ཐི་ལོ་གཉིས་ཀྱི་བརྩེ་བའི་ཁམས་འདྲི་བརྒྱུད་བསྒྲགས་བྱས། ཁོས་བསྟན་དོན། ཁུ་པ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་བར་གྱི་མཐོ་རིམ་མགོ་ཁྲིད་པའི་འཚམས་འདྲི་དང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཁུ་པ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དང་ལ་ཏེན་མེ་གླིང་དང་ཀྲུང་གོའི་བར་གྱི་འཕེལ་རྒྱས་འབྲེལ་བའི་ཐད་ནས་སྔར་ལས་ལྷག་པའི་གྲུབ་འབྲས་ལོན་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག