མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པོ་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་འཁུར་མཁན་ཏེ་ཡ་སི་ཁ་ནེ་ཨར་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-19 11:49

02.jpg

  ལིས་ཁི་ཆང་གིས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པོ་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་འཁུར་མཁན་ཏེ་ཡ་སི་ཁ་ནེ་ཨར་ལ་མཇལ་འཕྲད་གནང་།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ6པའི་ཚེས18ཉིན་གྱི་ཕྱི་དྲོར་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པོ་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་འཁུར་མཁན་ཏེ་ཡ་སི་ཁ་ནེ་ཨར་ལ་མཇལ་འཕྲད་གནང་།

   ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་རྒྱུན་རིང་ཞིང་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་རང་བཙན། མངའ་ཁོངས་ཆ་ཚང་ཡོང་བ། རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱེད་བཞིན་ཡོད། གནས་བབ་གསར་བའི་འོག་ཕྱོགས་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། མི་གཞུང་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་པའི་རིགས་ལམ་གསར་བ་དང་བར་སྟོང་གསར་བ་འབད་བརྩོན་ཆེན་པོས་གསར་གཏོད་བྱེད་པ་དང་རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་ཐབས་ལམ་གསར་བ་གསར་སྐྲུན་བྱས་ཏེ། ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཆེས་བཟང་བའི་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་དགོས་ཞེས་གསུངས།

  ཏེ་ཡ་སི་ཁ་ནེ་ཨར་གྱིས་བསྟན་དོན། ཁུ་པའི་ཏང་དང་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་རྒྱལ་བཅོས་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། ཉོ་འཚོང་དང་ཚན་རྩལ། རྨང་གཞིའི་སྒྲིག་ཆས། འཕྲིན་གཏོང་། སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ལ་ཏེན་མེ་གླིང་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་པར་སྐུལ་འདེད་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག