མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2013ལོའི་བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲི་ལ་བསྐྱོད་ཅེས་པའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-19 09:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2013ལོའི་བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲི་བསྐྱོད་ཅེས་པའི་བྱེད་སྒོ་དེ་སྤྱི་ཟླ6པའི་ཚེས17ཉིན་ཤིན་ཅང་ཨུ་ལུམ་མུའུ་ཆིར་སྐོང་འཚོགས་བྱས་པ་རེད། བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲིར་བསྐྱོད་རྒྱུ་དེ་སྤྱི་ལོ2002ལོ་ནས་འགོ་བརྩམས་པ་དང་ལོ་རེར་ས་ཁུལ་གཅིག་ནས་གཉིས་བར་བདམས་ཏེ་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱེད་རྒྱུ་དང་དུས་མཚུངས་སུ་ས་གནས་མི་འདྲ་བའི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་དང་ཤེས་རྟོགས་བྱུང་བའི་གནད་དོན་ཐད་གནས་འཕྲིན་སྤེལ་རྒྱུ་ཡིན་ལ། ས་གནས་ཁག་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་ཡང་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག