མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2013ལོའི་རྒྱལ་ཡོངས་ཟས་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-19 09:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས17ཉིན་སྤྱི་ལོ2013ལོའི་རྒྱལ་ཡོངས་ཟས་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དེ་པེ་ཅིན་དུ་འགོ་ཚུགས་པ་རེད། འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱེད་ཐབས་བཏོན་རྗེས་ཟས་རིགས་བདེ་འཇགས་དང་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་མཉམ་འབྲེལ་ཐོག་ཐོན་ཐེངས་དང་པོ་ཡིན་པ་རེད།

རྒྱལ་ཡོངས་ཟས་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་ཀྱི་ལས་ཡུལ་དངོས་སུ་སྤྱིའི་ཆ་ནས་ཟས་རིགས་བདེ་འཇགས་དང་འབྲེལ་བ་ཡོད་པའི་སྲིད་གཞུང་སྡེ་ཁག་ཚང་མ་ཞུགས་ཡོད་པ་དང་། འདི་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱེད་ཐབས་བཏོན་རྗེས་ཟས་རིགས་བདེ་འཇགས་དང་འབྲེལ་ཡོད་ཀྱི་པུའུ་ཨུད་གཅིག་བསྡུས་ཐོག་ཐོན་ཐེངས་དང་པོ་ཡིན་པ་རེད། དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོའི་རྗེས་ད་དུང་ཀྲུང་གོའི་ཟས་རིགས་བདེ་འཇགས་གླེང་སྟེགས་སྐོང་འཚོགས་བྱེད་རྒྱུ་ཡིན་པ་དང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣས་ཟས་རིགས་བདེ་འཇགས་ཀྱི་བརྗོད་བྱ་གཙོ་བོ་ལ་དམིགས་ནས་སྒྲོག་སྦྱང་སྤེལ་རྒྱུ་ཡིན་པ་དང་། བྱེད་སྒོ་འདི་དག་སྤེལ་བ་བརྒྱུད་དེ། འབྲེལ་ཡོད་སྡེ་ཁག་གིས་མང་ཚོགས་གྱི་ཟས་རིགས་གནད་དོན་ལ་འགན་སྲུང་བྱེད་རྒྱུ་དང་བྱེད་ཐབས་གསར་པ་བཟུང་རྒྱུར་བྱེད་ཕྱོགས་གསར་པ་འདོན་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག