མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲེ་ཅང་དུ་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་གནོད་སྐྱོབ་ནང་སྦྱོང་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-19 09:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མེ་གསོད་པ་དང་། ཐོག་བརྩེགས་ཁང་པའི་ཕྱི་ནས་འཛེགས་པ། ཁང་པ་ཞིག་རོའི་འོག་ནས་འཚོལ་ཞིབ་བྱེད་པ་སོགས་ཀྱིས་ནང་དོན་བྱས་པའི་ཚབ་རྟགས་སུ་རོགས་སྐྱོབ་རོགས་རེས། སྤྱི་ལོ2013ལོའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཉམ་འབྲེལ་གནོད་སྐྱོབ་ནང་སྦྱོང་ཞེས་པ་དེ། སྤྱི་ཟླ6པའི་ཚེས11ཉིན་ནས་ཚེས16ཉིན་བར་ཀྲེ་ཅང་ཧྲའོ་ཤིང་གྲོང་ཁྱེར་གྱི་རྒྱལ་ཁབ་སྐམ་སའི་འཚོལ་ཞིབ་དང་སྐྱོབ་སྲུང་རྟེན་གཞིར་བྱས་ཡོད་པ་རེད།

ཐེངས་འདིའི་མཉམ་འབྲེལ་གནོད་སྐྱོབ་ནང་སྦྱོང་ནི་དམངས་སྲིད་པུའུ་དང་། ཕྱི་འབྲེལ་པུའུ། སྤྱི་བདེ་པུའུ། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གནད་ཐོག་སྒྲིག་འཛུགས་བྱས་པ་ཞིག་ཡིན་པ་དང་། ཧ་སག་སི་ཐན་དང་། ཅིར་ཅི་སི་སི་ཐན། ཨུ་རུ་སུ། ཐ་ཅིག་སི་ཐན་བཅས་ཀྱི་རོགས་སྐྱོབ་རུ་ཁག་བཞི་དང་། དེ་བཞིན་ཀྲུང་གོའི་སྤྱི་བདེ་མེ་ཟོན་དཔུང་སྡེའི་ས་ཡོམ་འཚོལ་སྐྱོབ་རུ་ཁག་ཆེ་གྲས་བཞི། སྨན་བཅོས་རུ་ཁག་གཉིས་བཅས་ཁྱོན་བསྡོམས་མི1000ལྷག་ནང་སྦྱོང་ནང་ཞུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག