མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་དུ་གཞོན་ནུ་ལོ་ཆུང་ཐ་མག་འཐེན་མཁན་བྱེ་བ1.4ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-19 09:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་གྱི་འབྲེལ་ཡོད་གསར་འགྱུར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་དུ་གཞོན་ནུ་ལོ་ཆུང་ཐ་མག་འཐེན་མཁན་མི་གྲངས་བྱེ་བ1.4ཟིན་གྱི་ཡོད་པ་དང་། རང་རྒྱལ་དུ་གཞོན་ནུ་ལོ་ཆུང་གིས་ཐ་མག་འཐེན་ཚད11.5%ཟིན་གྱི་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གཞོན་ནུ་ལོ་ཆུང་ཐ་མག་འཐེན་མཁན་ལོ་ཆུང་དུ་འགྲོ་བ་དང་། མང་དུ་འགྲོ་བའི་འཕེལ་ཕྱོགས་ཐོན་བཞིན་ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཐ་མག་གི་བརྡ་ཁྱབ་དང་། ཐ་མག་མཛད་སྤྱོད་ལ་སྐུལ་མ་གཏོང་བ། ཚོང་ལས་རོགས་སྐྱོར་སོགས་རྒྱ་ཁྱབ་ཏུ་གནས་པའི་རྐྱེན་གྱིས་ཡིན་པ་རེད།

ཀྲུང་གོའི་ཐ་མག་ཚོད་འཛིན་མཐུན་ཚོགས་ཀྱིས། དམངས་སྲིད་སྡེ་ཁག་གིས་མི་རིང་བར་ཡོངས་བསྒྲགས་བྱེད་རྒྱུའི་དགེ་སྒྲུབ་བཅའ་ཁྲིམས་ཀྱི་དོན་ཚན་ནང་། རྡོ་ཐའི་ཁེ་ལས་ཡོངས་ཀྱིས་སྤྱི་ཚོགས་འགན་འཁྲིའི་སྐོར་གྱི་སྤྱི་ཕན་ཞལ་འདེབས་ཕུལ་བའི་བྱེད་སྒོ་སྤེལ་མི་ཆོག་པ་དང་། སྲིད་གཞུང་སྡེ་ཁག་གང་རུང་དང་། འབྲེལ་ཡོད་སྤྱི་ཚོགས་ཚོགས་པ་གང་རུང་གིས་རྡོ་ཐའི་ཁེ་ལས་ཀྱིས་ཕུལ་བའི་ཞལ་འདེབས་དང་མ་དངུལ་རོགས་སྐྱོར་དང་ལེན་བྱས་མི་ཆོག་པའི་གྲོས་འགོ་འདོན་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དང་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་དང་སྒྲིག་སྲོལ་ལས་འགལ་བའི་རྡོ་ཐའི་བརྡ་ཁྱབ་དང་། མཛད་སྤྱོད་ལ་སྐུལ་མ་གཏོང་བའི་བྱ་སྤྱོད། མ་དངུལ་རོགས་སྐྱོར་བྱ་སྤྱོད་བཅས་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག