མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མཱ་ལི་ཡ་མུའུ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-15 11:00


ཟླ6པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མཱ་ལི་ཡ་མུའུ་ལ་མཇལ་འཕྲད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་དྲུག་པའི་ཚེས14ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མཱ་ལི་ཡ་མུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་གཉིས་རྒྱལ་ཁབ་འཛུགས་སྐྲུན་གྱི་གནད་འགག་གི་དུས་སུ་གནས་ཡོད་པས། ཕན་ཚུན་ལ་འདྲ་མཚུངས་ཀྱི་བསམ་ཕྱོགས་མང་པོ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་གོང་དུ་སྤེལ་བར་གོ་སྐབས་གལ་ཆེན་དུ་འཕྲད་ཡོད། ཕྱོགས་གཉིས་ཀས་ཆབ་སྲིད་སྣེ་འདྲེན་དང་སྤྱི་ཁོག་འཆར་འགོད་ལ་ཤུགས་སྣོན་པ་དང་། མཐོ་རིམ་འགྲོ་འོངས་སྲུང་འཛིན། རྒྱལ་བཅོས་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་པ་དང་། ཁྱབ་ཁོངས་གཙོ་བོའི་མཉམ་ལས་དམ་འཛིན་བྱས་ཏེ། མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་བསྟན་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་པར་རྒྱབ་སྐྱོབ་བྱེད་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕེན་གྱིས་ཧྥེ་གླིང་གཅིག་གྱུར་རྩ་འཛུགས་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས་པ་ལས་གཞན། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡ་དང་ལྷན་དུ་གླེང་སྟེགས་བསྐྲུན་པར་ཤུགས་སྣོན་བྱས་ཏེ། ཀྲུང་གོ་དང་ཧྥེ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

ཧེ་ཨེར་མཱ་ལི་ཡ་མུའུ་ཡིས་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་བདེ་བླག་ངང་བར་སྣང་དུ་བཏང་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རེ་བ་དང་གོ་སྐབས་བསྩལ། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་དང་ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐད་ནས་འབྲེལ་འདྲིས་ཟབ་མོ་དང་མཐུན་སྦྱོར་བྱེད་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག