མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་དང་ཡུས་ཀྲིན་ཧྲིན་གཉིས་ཀྱིས་སོ་སོར་ཧྥིན་ལན་གྱི་གྲོས་དཔོན་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:45

02.jpg

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་ནས་ཧྥིན་ལན་གྱི་གྲོས་དཔོན་ཧེ་ནེ་ལུའུ་ཨོ་མཱ་ལ་མཇལ་འཕྲད་གནང་།

01.jpg

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་ཧྥིན་ལན་གྱི་གྲོས་དཔོན་ཧེ་ནེ་ལུའུ་ཨོ་མཱ་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་སོ་སོར་ཧྥིན་ལན་གྱི་གྲོས་དཔོན་ཧེ་ནེ་ལུའུ་ཨོ་མཱ་ལ་མཇལ་འཕྲད་གནང་།

    ཀྲང་ཏི་ཅང་གིས་ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀས་རྟག་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་ལྟ་སྟངས་འཛིན་པའི་རྩ་དོན་ལ་གཞིགས་ཏེ་མཛའ་མཐུན་འགྲོ་འོངས་དང་གཉིས་ཕན་མཉམ་ལས་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོ་དང་ཧྥིན་ལན་བར་གྱི་འབྲེལ་བ་རྒྱུན་མཐུད་ངང་གོང་དུ་སྤེལ་བར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཏིངས། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཧྥིན་ལན་གྲོས་ཁང་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་གཙིགས་འཛིན་བྱེད་པ་དང་། ཧྥིན་ལན་གྲོས་ཁང་དང་ལྷན་དུ་རིམ་པ་ཁག་དང་ཁྱབ་ཁོངས་སོ་སོའི་བར་གྱི་འགྲོ་འོངས་སྲུང་འཛིན་དང་། རྒྱལ་བཅོས་སྲིད་སྐྱོང་དང་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་ཀྱི་ཕྱོགས་ནས་བགྲོ་གླེང་དང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་གཙོའི་བར་གྲོས་ཁ་འཆམ་པའི་ཐུན་མོང་གི་ལྟ་བ་དངོས་འབེབས་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཧྥིན་ལན་བར་གྱི་འབྲེལ་བ་ངེས་པ་དོན་གྱིས་གོང་དུ་སྤེལ་བར་སྒོ་ཀུན་ནས་ཡར་སྐུལ་གཏོང་འདོན་ཡོད་ཅེས་གསུངས།

    ཡུས་ཀྲིན་ཧྲིན་གྱིས་མཇལ་འཕྲད་གནང་སྐབས་ཅང་མ་འགོར་བའི་སྔོན་ལ་ཧྥིན་ལན་དུ་འཚམས་འདྲི་མཛད་པ་ཕྱིར་དྲན་བྱས་བར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་བར་གྱི་ཁོར་ཡུག་སྲུང་སྐྱོབ་དང་ལྷན་མེད་འཕེལ་རྒྱས། ལྷན་མེད་ནུས་ཁུངས། བྱང་སྣེ་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ཤུགས་སྣོན་བྱས་ཏེ། མཉམ་དུ་རྒྱལ་ཁབ་གཉིས་ཀའི་འབྱུང་འགྱུར་ལ་ཁ་ཕྱོགས་པའི་མཉམ་ལས་གྲོགས་པོའི་འབྲེལ་བ་གསར་བ་འཛུགས་འདོད་ཡོད་ཅེས་གསུངས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག