མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨེ་སེ་ཨོ་ཕུ་ཡའི་ཙུང་ལིས་དང་གྲོས་མོལ་མཛད་པ།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:41

01.jpg

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་མཛད་སྒོ་བསྡུས་ནས། ཨེ་སེ་ཨོ་ཕུ་ཡའི་ཙུང་ལིས་ཧེ་ཨར་མ་ལེ་ཡ་མུའུ་ཡིས་ཀྲུང་གོར་འཚམས་འདྲི་མཛད་པར་དགའ་བསུ་ཞུས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་མཛད་སྒོ་བསྡུས་ནས། ཨེ་སེ་ཨོ་ཕུ་ཡའི་ཙུང་ལིས་ཧེ་ཨར་མ་ལེ་ཡ་མུའུ་ཡིས་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

    ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་ཅིབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་རིང་ཞིང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ་ཕན་ཚུན་བར་གྱི་འབྲེལ་བའི་འཕེལ་རྒྱས་བདེ་བླག་ཡིན་པ་དང་མཉམ་ལས་ཀྱི་ཁྱབ་ཁོངས་སོ་སོ་ནས་ཕུན་སུམ་ཚོགས་པའི་གྲུབ་འབྲས་བླངས། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་རང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་ལ་རྒྱལ་ཁབ་གཉིས་བར་མཉམ་ལས་ཀྱི་རང་བཞིན་དྲག་པོ་ལྡན་པར་མ་ཟད་སྦས་ཤུགས་ཆེན་པོ་ལྡན་ཞེས་གསུངས།

    ལིས་ཁི་ཆང་གིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་རྒྱལ་ཁབ་དེ་གྲོགས་པོ་བཟང་བོར་བརྩི་བཞིན་ཡོད་པ་དང་ཕན་ཙུན་བར་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་དང་སྣེ་ཁྲིད་བྱེད་བཞིན་ཡོད། དུས་རབས་གསར་བར་ཐོན་པ་ནས་བཟུང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་གི་མཉམ་ལས་ཐད་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བླངས་ཞེས་གསུངས།

    ཧེ་ཨར་མ་ལེ་ཡ་མུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ནི་ཕན་ཚུན་བློ་གཏད་ཆོག་པའི་མཉམ་ལས་གྲོགས་པོ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཇིབ་མི་རིགས་བཅིངས་འགྲོལ་ལས་དོན་དང་རྒྱལ་ཁབ་འཛུགས་སྐྲུན་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་བསམ་ཚུལ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག