མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་བུའུ་པོ་ཞོན་སོགས་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:41

124851381_41n.jpg

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་བུའུ་པོ་ཞོན་དང་ཁོས་ཁྲིད་པའི་ཀྲུང་གོ་གོ་མེན་ཏང་གི་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་བུའུ་པོ་ཞོན་དང་ཁོས་ཁྲིད་པའི་ཀྲུང་གོ་གོ་མེན་ཏང་གི་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་།

    མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལྟ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་དེ་མགོ་ཚུགས་ས་གསར་བ་དང་གོ་སྐབས་གལ་ཆེན་གྱི་མདུན་དུ་གནས་ཡོད་པས། ང་ཚོས་ནན་ཏན་སྒོས་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་། གནས་བབ་ཀྱི་འཕེལ་རྒྱས་འགྱུར་ལྡོག་གསལ་བོར་ཤེས་པར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བའི་བགྲོད་ལམ་དུ་བསྐྱོད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། ཞི་ཅིན་ཕེན་གྱིས་དེའི་ཐད་ལ་དགོངས་འཆར་བཞི་བཏོན། གཅིག་ནི་ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་ལ་དམིགས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་གསལ་བོར་ཤེས་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཉིས་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་གསལ་བོར་ཤེས་པར་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་མདུན་ལམ་ཁོང་དུ་ཆུད་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནི་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། དངོས་གཉེར་ཡར་བརྩོན་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། བཞི་ནི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་རེད།

    ཞི་ཅིན་ཕེན་གྱིས་ད་དུང་བུའུ་པོ་ཞོན་གྱིས་ཀྲུང་ཧྭ་དར་སྤེལ་བྱེད་པའི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་གདེང་འཇོག་ཚད་མཐོན་པོ་གནང་།

    བུའུ་པོ་ཞོན་གྱིས་བཤད་རྒྱུར། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་དེ་སྔར་སོང་རྗེས་མཐུད་དང་མ་འོངས་གསར་གཏོད་ཀྱི་གནས་བབ་གསར་བའི་མདུན་དུ་གནས་ཡོད་པས། གོ་མེན་ཏང་དང་གུང་ཁྲན་ཏང་གཉིས་ལ་ཀྲུང་ཧྭ་མི་རིགས་དར་སྤེལ་བྱེད་པའི་འགན་འཁྲིའི་བསམ་པ་དྲག་པོ་ཡོད་དགོས། མཚོ་འགག་འགྲམ་གཉིས་ཀྱིས་དཔལ་འབྱོར་འབྲེལ་བ་ཇེ་བཟང་དུ་གཏོང་བ་དང་། སྤྱི་ཚོགས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཞིང་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། མཚོ་འགག་འགྲམ་གཉིས་ཀྱི་མང་ཚོགས་ལ་སྔར་ལས་མང་བའི་ཁེ་ཕན་བསྐྲུན་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག