མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་བུའུ་པོ་ཞོན་གྱིས་ཁྲིད་པའི་འཚམས་འདྲི་ཚོགས་པ་པེ་ཅིན་ལ་ཐོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-13 11:34

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་བུའུ་པོ་ཞོན་གྱིས་རྒྱལ་དམངས་ཏང་གི་སྐམ་ས་ཆེན་པོའི་འཚམས་འདྲི་ཚོགས་པ་ཁྲིད་དེ་ཚེས12ཉིན་ཐེ་པེ་ནས་པེ་ཅིན་ལ་འཚམས་འདྲིར་ཡོང་།

བུའུ་པོ་ཞོན་གྱིས་གནམ་གྲུ་ཐང་དུ་ལས་ལ་ཆས་སྐབས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་མཉམ་དུ་དགོངས་འཆར་བརྗེ་རེས་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། མཚོ་འགག་འགྲམ་གཉིས་ཀྱི་ཞི་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཐོབ་སླ་མོ་ཞིག་མིན་པས། ཚང་མས་སྲུང་སྐྱོབ་བཟང་བོ་བྱས་ནས་བརྟན་འཇགས་སྒོས་མདུན་བསྐྱོད་བྱེད་དགོས་ཟེར།

བུའུ་པོ་ཞོན་གྱིས་ཁྲིད་པའི་རྒྱལ་དམངས་ཏང་གི་སྐམ་ས་ཆེན་པོའི་འཚམས་འདྲི་ཚོགས་པས་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞི་ཉིན་སྐམ་ས་ཆེན་པོར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བུའུ་པོ་ཞོན་འཁོར་དང་བཅས་བར་མཇལ་འཕྲད་གནང་སྟེ། ཕྱོགས་གཉིས་ཀྱིས་གོ་མེན་ཏང་དང་གུང་ཁྲན་ཏང་གཉིས་བར་གྱི་འབྲེལ་འདྲིས་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག