མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་གཅིག་བསྡུས་ཐོག་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-12 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར་འགྲེམ་སྤེལ་བྱས་པའི་གཅིག་བསྡུས་ཐོག་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོ་བྱེད་རྒྱུའི་བརྡ་ཐོའི་ནང་། དོན་རྐྱེན་གྱི་བསླབ་བྱ་གཏིང་ཟབ་ལེན་རྒྱུ་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་བརྒྱུད། 2013ལོའི་སྤྱི་ཟླ6པ་ནས9པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གཅིག་བསྡུས་ཐོག་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བྱེད་རྒྱུ་ཡིན་པ་བསྟན་ཡོད། བརྡ་ཐོར་གཞིགས་ན། ད་ཐེངས་ཞིབ་བཤེར་གྱི་ཁྱབ་ཁོངས་ནང་རྒྱལ་ཡོངས་ཀྱི་ས་ཁུལ་ཡོངས་དང་ལས་རིགས་ཁྱབ་ཁོངས་ཡོངས། ཐོན་སྐྱེད་ལས་གཉེར་བྱེད་མཁན་ཁེ་ལས་དང་བྱ་བཞག་ཚན་པ། མི་སྣ་རུབ་བསྡུས་ཆེ་ས་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག