མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཆི་པོ་ཀྲུང་དབྱང་བརྙན་འཕྲིན་ཁང་ལ་སོང་ནས་ལོ་སར་དགོང་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:52

116094168_11n.jpg

  སྤྱི་ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པོ་ཀྲུང་དབྱང་བརྙན་འཕྲིན་ཁང་ལ་སོང་ནས་ལོ་སར་དགོང་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པོ་ཀྲུང་དབྱང་བརྙན་འཕྲིན་ཁང་ལ་སོང་ནས་ལོ་སར་དགོང་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས། ཁོས་བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྟེན་ནས་ལོ་སར་དགོང་ཚོགས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསར་བར་འཚོལ་ཞིབ་དང་རྣམ་པ་གསར་བ་གསར་གཏོད་བྱས་ནས། ལོ་སར་དགོང་ཚོགས་དེ་དམངས་ཡོངས་ཀྱིས་དགའ་བསུ་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱིས་ཁས་ལེན་བྱེད་པའི་སྤྲོ་ཚོགས་ཆེན་མོ་ཞིག་ཏུ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

  ལིས་ཆི་པོ་ཡིས་བཤད་རྒྱུར། དགོང་ཚོགས་ཀྱི་བརྗོད་བྱ་གཙོ་བོ་གཏན་འཁེལ་བྱེད་པ་དང་ལེ་ཚན་གྱི་ཇུས་འགོད་དང་སྒྲིག་སྟངས་ལ་ཤུགས་བསྣན་ནས། ལོ་སར་དགོང་ཚོགས་ཀྱི་སྤུས་ཚད་དང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། རྒྱལ་ཁབ་རང་གི་ཁྱད་ཆོས་ལྡན་པའི་བརྩམས་ཆས་དང་མང་ཚོགས་ཀྱིས་དགའ་བསུ་བྱེད་པའི་ལེ་ཚན་འཚོལ་སྡུད་བྱེད་པ་དང་། ཀྲུང་ཧྭའི་ལོ་སར་གྱི་སྲོལ་རྒྱུན་རིག་གནས་ནང་དོན་རྒྱུན་འཛིན་བྱས་ནས་ཀུན་གྱིས་ལྟ་འདོད་པ་དང་དགའ་སྐྱིད་སྤྲོ་སྣང་གིས་ཁེངས་བའི་དགོང་ཚོགས་ཞིག་བསྡུ་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག