མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ་གཅིག་བསྡུས་སྒོས་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་མོ་བྱེད་པའི་སྐོར་གྱི་བརྡ་ཐོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ་གཅིག་བསྡུས་སྒོས་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་མོ་བྱེད་པའི་སྐོར་གྱི་བརྡ་ཐོ་བཏང་། བརྡ་ཐོ་ལས་བསྟན་དོན། དོན་རྐྱེན་གྱི་བསླབ་བྱ་དང་ལེན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་སྣོན་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་ལྟར། 2013ལོའི་སྤྱི་ཟླ6པ་ནས་སྤྱི་ཟླ9བའི་ཟླ་མཇུག་བར་དུ་རྒྱལ་ཡོངས་ནས་གཅིག་བསྡུས་སྒོས་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་མོ་བྱེད་རྒྱུའི་ཐག་བཅད་ཟེར།

བརྡ་ཐོ་ལས་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་མོ་བྱས་པ་བརྒྱུད་དེ་བདེ་འཇགས་ཀྱི་ཉེན་ཁ་དང་བདེ་འཇགས་བྱ་བ་སྒྲུབ་པ་མི་འདང་སར་ཕྱོགས་ཡོངས་ནས་གཙང་བཤེར་བྱེད་པ་དང་། འགན་འཁྲི་དངོས་འབེབས་དང་ནན་ཏན་སྒོས་དག་ཐེར་ལེགས་སྒྲིག ལམ་ལུགས་འཐུས་ཚང་དུ་བཏང་ནས། བདེ་འཇགས་ཀྱི་ཉེན་ཁ་རྩ་བ་ནས་མེད་པར་གཏོང་བ་དང་། ཁྲིམས་ལྟར་ཁྲིམས་འགལ་ལུགས་འགལ་གྱི་ཁེ་ལས་གཉེར་མཚམས་འཇོག་ཏུ་འཇུག་དགོས་ལ། སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་སྲུང་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་ནས་དོན་རྐྱེན་ཚབས་ཆེན་ཡང་བསྐྱར་འབྱུང་བ་སྔོན་འགོག་བྱེད་དགོས་བའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག