མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་མེ་རུ་ཁའི་ཙུང་ཐུང་ཨོ་པ་མ་དང་གྲོས་མོལ་མཛད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་འཇོག་ཆེན་པོ་ཐོབ་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་མེ་རུ་ཁའི་ཙུང་ཐུང་ཨོ་པ་མ་དང་གྲོས་མོལ་མཛད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་འཇོག་ཆེན་པོ་ཐོབ། གླེང་ཕྱོགས་ལས་བལྟས་ན། ཀྲུང་གོ་དང་ཨ་མེ་རུ་ཁའི་མགོ་གཙོས་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པ་སོགས་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཏོན་པ་དང་། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་འཛམ་གླིང་གི་མ་འོངས་བའི་འཕེལ་རྒྱས་ཐད་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ངེས་ཡིན་པར་འདོད།

ཨ་མེ་རུ་ཁའི་སྔོན་ཆད་ཀྱི་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་ཀྱི་ལས་རོགས་པ་པུའུ་རེ་ཅིན་སི་ཅི་ཡིས་ཚེས9ཉིན་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རུ་ཁའི་མགོ་གཙོས་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ་དངོས་གཉེར་དང་འཛུགས་སྐྲུན་རང་བཞིན་གྱི་རྣམ་པར་བརྟེན་ནས་གནད་དོན་ལ་གྲོས་བསྡུར་མཛད་པ་དང་། ཐེངས་འདིའ་མཐོ་རིམ་གྲོས་ཚོགས་ནི་ཉེ་བའི་དུས་སྐབས་ཤིག་ལ་ཀྲུང་གོ་དང་ཨ་མེ་ཁའི་ལོ་རྒྱུས་སྟེང་གི་ཅུང་གལ་ཆེ་བའི་གྲོས་ཚོགས་ཐེངས་ཤིག་ཡིན། པུའུ་རེ་ཅིན་སི་ཅི་ཡིས་ད་དུང་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨ་མེ་རུ་ཁའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་སྐོར་རྒྱས་བཤད་མཛད་པར་གདེང་འཇོག་ཚད་མཐོན་པོ་གནང་།

ཨ་མེ་རུ་ཁ་དང་ཀྲུང་གོའི་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ཨུག་ལུང་སི་ཡིས་བལྟས་ན། ཨ་མེ་རུ་ཁ་དང་ཀྲུང་གོའི་མགོ་ཁྲིད་པའི་ཐེངས་འདིའི་གྲོས་མོལ་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཨ་མེ་རུ་ཁ་དང་ཀྲུང་གོའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བས་འཛམ་གླིང་སྔར་ལས་བདེ་འཇགས་ཡོང་བར་ནུས་པ་འདོན་པར་སྙམ།

ཨ་མེ་རུ་ཁའི་ཀྲི་ཅ་ཀི་གླེང་སྟེགས་ཚགས་པར་སྟེང་བཀོད་དོན། ཀྲུང་གོ་དང་ཨ་མེ་རུ་ཁའི་མགོ་གཙོའི་གྲོས་མོལ་གྱིས་ཕྱོགས་གཉིས་ཀྱི་རྒྱུན་ལོན་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སྔར་ལས་མང་པོ་ནས་མཉམ་ལས་བྱེད་པར་རྨང་གཞི་བཏིངས་ཟེར།

དབྱིན་ཇུའི་དངུལ་ལོར་དུས་སྐབས་ཚགས་པར་བཀོད་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཨན་ན་པོ་ཀི་གཞིས་ཀ་ནས་གྲོས་མོལ་བྱས་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལམ་ལུགས་གསར་སྐྲུན་ཐེངས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་དངོས་གཞི་མིན་པའི་བརྗེ་རེས་དང་ངོ་བོ་རང་བཞིན་གྱི་འཐབ་ཇུས་གྲོས་མོལ་ལ་ཐབས་ལམ་ཞིག་འདོན་སྤྲོད་བྱས་ཟེར།

ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཀྲུང་གོ་དང་ཨ་མེ་རུ་ཁའི་མགོ་གཙོས་འབྲེལ་བ་དམ་པོ་ཞིག་བཙུགས་པར་མ་ཟད། རང་རང་གིས་གནམ་གཤིས་འགྱུར་ལྡོག་དང་དྲ་བའི་བདེ་འཇགས་སོགས་གྲོས་གཞིའི་ཐད་ཀྱི་སྲིད་ཇུས་ལངས་ཕྱོགས་ལ་རྒྱུས་ལོན་ཟབ་མོ་བྱས་ཟེར།

པ་ཞིའི་འཛམ་གླིང་གསར་འགྱུར་དྲ་བས་དཔྱད་བརྗོད་སྤེལ་བ་ལྟར་ན། ཀྲུང་གོ་དང་ཨ་མེ་རུ་ཁའི་འབྲེལ་བ་ནི་དུས་རབས་ཉེར་གཅིག་པའི་འཛམ་གླིང་ཡོངས་ཀྱི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན་པ་དང་། ཀྲུང་གོ་དང་ཨ་མེ་རུ་ཁའི་མགོ་གཙོའི་ཐེངས་འདིའི་གྲོས་མོལ་ནི་ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཨ་མེ་རུ་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་དུ་དོན་སྙིང་ཟབ་མོ་ལྡན་པའི་གྲོས་མོལ་ཐེངས་ཤིག་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག