མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཅི་ལིན་ཏེ་ཧུད་ཀྱི་སྤྱི་ཟླ6པའི་ཚེས3ཉིན་གྱི་མེ་སྐྱོན་ཚབས་ཆེན་ཁྲོད་ཤི་བའི་མི121གི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-12 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ6པའི་ཚེས10ཉིན་ཏེ་ཧུད་ཀྱི་སྤྱི་ཟླ6པའི་ཚེས3ཉིན་གྱི་དོན་རྐྱེན་རོགས་སྐྱོབ་ཐག་གཅོད་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ6པའི་ཚེས10ཉིན་གྱི་ཆུ་ཚོད14བར་སླེབས་སྐབས། དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་ཕུང་པོརDNAབསྡུར་བ་བྱེད་པའི་ལས་དོན་ཡོངས་མཇུག་སྒྲིལ་ཡོད་པ་རེད། དེ་བར་སླེབས་དུས་ཅི་ལིན་ཏེ་ཧུད་ཀྱིས་སྤྱི་ཟླ6པའི་ཚེས3གྱི་ཚབས་ཆེའི་མི་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་མཁན121གི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད་པ་རེད། མིག་སྔའི་བར་སླེབས་སྐབས། ཅི་ལིན་ཁྱིམ་བྱའི་ལས་རིགས་ཀུང་སིའི་མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་མི་གྲངས121བར་སླེབས་པ་དང་། སུ་དང་སུ་ཡིན་མིན་ཡང་གཏན་འཁེལ་ཟིན་ཡོད་པ་རེད།

ཚེས10ཉིན་གྱི་ཞོགས་པའི་ཆུ་ཚོད11བར་སླེབས་སྐབས། དོན་རྐྱེན་ཁྲོད་རྨས་སྐྱོན་ཕོག་ནས་སྨན་ཁང་ལ་བསྡད་ཡོད་པའི་རྨས་མ77ཁྲོད་སྨན་ཁང་ནས་དོན་ཟིན་པའི་མི་གྲངས26ཟིན་པ་དང་། གཅིག་ཤིབ། ད་དུང་མི50གཏན་འཁེལ་ཟིན་པའི་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེན་ཁ་ཅུང་ཚབས་ཆེ་བའི་ནད་པ14ཡི་ནད་གཞི་སྡུག་ཏུ་ཕྱིན་མེད་པ་དང་སྨན་དོན་མི་སྣས་སྐྱོབ་བཅོས་བྱེད་བཞིན་ཡོད་པ་རེད།

གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས10ཉིན་གྱི་ཆུ་ཚོད་དང་པོ་བར་སླེབས་སྐབས། དོན་རྐྱེན་ཐོན་སའི་འཁྱག་མཛོད་ཁང་ནང་གི་ཁྱིམ་བྱའི་རིགས་ཀྱི་ཐོན་རྫས་ཏུན2600ཚང་མ་ཐག་གཅོད་བྱས་ཟིན་པ་དང་། ཚེས10ཉིན་གྱི་ཆུ་ཚོད9བར་སླེབས་སྐབས། དོན་རྐྱེན་ཐོན་སར་ལུས་པའི་བྱ་རིགས་ཐོན་རྫས་ལ་གནོད་མེད་ཐག་གཅོད་བྱེད་མཇུག་སྒྲིལ་བ་དང་། རིམས་འགོག་དུག་སེལ་ལས་དོན་ཡོངས་ལེགས་གྲུབ་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག