མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྷ་གྲུ་བཅུ་པ་རྟགས་ཅན་གྱི་མཁའ་སྐྱོད་པའི་གཟུགས་པོ་བརྒྱ་ཆ་གསུམ་རིང་དུ་འགྲོ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-12 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས11ཉིན་གྱི་ཆུ་ཚོད17དང་སྐར་མ38སྐབས། ལྷ་གྲུ་བཅུ་རྟགས་ཅན་གྱི་མི་བླུག་འཕུར་གྲུ་འཕེན་གཏོང་བྱ་རྒྱུ་ཡིན་པ་རེད། མི་རྣམས་ཀྱིས་མཁའ་སྐྱོད་པའི་བར་སྣང་ཁམས་ཀྱི་འཚོ་བར་ཡ་མཚན་ཆེན་པོ་སྐྱེས་སྲིད། དང་པོ་གཉིད་ཉལ་གྱི་ཡོད་དམ་ཞེ་ན།

བར་སྣང་ཕུགས་འདུན་མངོན་འགྱུར་ཡོང་ལ་ཉེ་བའི་ཀྲང་ཤའོ་ཀོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་འགན་གྱི་འཆར་གཞི་ལྟར་ན་ཁོང་ཚོས་བར་སྣང་ཁམས་ཀྱི་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟའི་རྣམ་གྲངས་ཁག་བཅུ་གྲངས་སྤེལ་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་ལས་འགན་དེ་མུ་མཐུད་གནམ་ས་གཅིག་མཚུངས་ཀྱི་ལས་བྱེད་དང་ངལ་གསོ་བྱེད་རྒྱུ་ཡིན་པ་དང་། ལྷ་གྲུ་དགུ་པ་རྟགས་ཅན་དང་བསྡུར་ན་མཚན་མོའི་ལས་སྲུང་ལམ་ལུགས་ལ་བསྒྱུར་བ་བཏང་ཡོད་ཅིང་། དེ་ལྟར་བྱས་ན་མི་ཚང་མའི་གཉིད་ཉལ་བའི་དུས་ཚོད་འགན་སྲུང་ཐུབ་རྒྱུ་ཡིན་པ་རེད།

གཉིས་ནས་གང་འདྲ་བྱས་ནས་སྤྲོ་སྣང་དང་རོལ་རྩེད་ལ་རོལ་ལམ་ཞེ་ན།

ཀྲང་ཤའོ་ཀོང་གིས་ངོ་སྤྲོད་བྱས་པར། བར་སྣང་ཁམས་སུ་ཁོང་ཚོས་བརྙན་ཕབ་ཡོ་ཆས་དང་ཉིན་ཐོ་འབྲི་བ་སོགས་རྒྱུད་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ཟིན་འགོད་བྱ་རྒྱུ་ཡིན་པ་རེད། ངལ་གསོའི་དུས་སྐབས་སུ་ད་དུང་བར་སྣང་ཁམས་ཀྱི་མཛེས་ལྗོངས་ལ་བལྟས་ཆོག་པ་དང་། གླུ་གཞས་ཉན་པ་སོགས་བྱས་ཆོག་གི་ཡོད་པ་རེད།

གསུམ་ནས་ཟ་འཐུང་གི་སྤུད་ཚད་ལ་འགན་ལེན་གང་འདྲ་བྱེད་དམ་ཞེ་ན།

ཀྲུང་གོའི་མཁའ་སྐྱོད་པའི་ཟ་ཆ་ཕུན་སུམ་ཚོགས་པོ་ཡོད་པ་དང་། རིགས་མང་ཆེ་བ་ཀྲུང་གོའི་གོམས་སྲོལ་གྱི་ཚལ་ཡིན་པ་ཕུད་ད་དུང་ཆུའི་ཐོན་རྫས་ཀྱང་ཟས་ཆོག་གི་ཡོད་པ་རེད།

ད་ཐེངས་ཀྱི་འཕུར་སྐྱོད་ལས་འགན་ཁྲོད་མཁའ་སྐྱོད་པ་གསུམ་གྱི་དགའ་ཆོག་མི་འདྲ་བར་གཞིགས་ནས་རིག་གཅིག་མཁས་པས་ཆེད་མངགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཟ་ཆ་གྲ་སྒྲིག་བྱས་ཡོད་པ་དང་། ཤིང་ཏོག་གསོས་པ་དང་། འབྲས་ཐུག ཞོ། འབྲས་སེན་སོགས་བར་སྣང་ཁམས་ཀྱི་ཟ་རིགས་མང་པོ་ཁ་སྣོན་བྱས་ཡོད་པ་རེད།

བཞི་ནས་གཟུགས་པོའི་རིང་ཐུང་ལ་འགྱུར་བ་ཡོད་དམ་ཞེ་ན།

བར་སྣང་ཁམས་སུ་མིའི་རིགས་ཀྱི་སྒལ་པར་ས་གོ་ལོའི་འཐེན་ཤུགས་ཕོག་གི་མེད་པ་དང་། སྒལ་ཚིག་དེ་རྒྱས་པ་དང་ལྷོད་པོ་བྱུང་ནས། མཁའ་སྐྱོད་པའི་གཟུགས་པོ་རིང་དུ་འགྲོ་རྒྱུ་ཡིན་པ་དང་། རིང་དུ་འགྲོ་ཚད3%ཙམ་ཟིན་ཞིང་དེའི་ཐོག་ནས་གཟུགས་པོའི་རིང་ཚད་ལ་སྨིད1.8ཡོད་པའི་མཁའ་སྐྱོད་པ་ཞིག་བར་སྣང་ཁམས་ཀྱི་འཁོར་ལམ་ཐོག་དུ་ལིའི་སྨིད་༥རིང་དུ་འགྲོ་གི་ཡོད་པ་རེད། འོན་ཀྱང་མིའི་གཟུགས་པོའི་རུས་པ་ཆེ་རུ་ཕྱིན་མེད་པས་གཟུགས་པོ་རིང་དུ་འགྲོ་ཚད་དེ་ཡང་དུས་འཐུང་ཞིག་ཡིན་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག