མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་ནང་སའི་མིར་བྱ་རིགས་ཆམ་རིམས་འགོས་པའི་ནད་བརྟག་གཏན་འཁེལ་བྱས་པའི་ནད་དཔེ131སྙན་སེང་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས9ཉིན། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས། སྤྱི་ཟླ5པའི་ཚེས31ཉིན་བར། རང་རྒྱལ་ནང་སར་བསྡོམས་པས་བྱ་རིགས་ཆམ་རིམས་འགོས་པའི་ནད་རྟགས་གཏན་འཁེལ་བའི་ནད་དཔེ131སྙན་སེང་ཞུས་པ་དང་། བསྡོམས་པས་མི78དྲག་སྐྱེས་བྱུང་ཞིང་། སྨན་ཁང་ནང་སྨན་བཅོས་བྱེད་མཁན14དང་། མི39གྲོངས་ཡོད་པ་རེད། མིག་སྔར་ནད་དཔེ་ཁ་ཐོར་དུ་གནས་པ་དང་། མི་ཕན་ཚུན་བར་ནད་འགོས་པའི་དཔང་རྟགས་ཐོན་མེད་པ་རེད།

མིར་བྱ་རིགས་ཆམ་རིམསH7N9འགོས་པའི་གནས་ཚུལ་ཐོན་ཚུན། རང་རྒྱལ་གྱིས་སྡེ་ཁག་མང་པོས་མཉམ་དུ་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་སྒྲིག་གཞི་བཙུགས་པ་དང་། གྲོང་ཁྱེར་གྱི་བྱ་རིགས་གསོན་པོའི་ཁྲོམ་རྭ་སྒོ་རྒྱག་པ་དང་། བྱ་རིགས་གསོན་པོ་སྐྱེལ་འདྲེན་ཚད་ལྡན་བཟོ་བ་སོགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་འགོས་ནད་འབྱུང་ཁུངས་ཚོད་འཛིན་བྱེད་པའི་བྱ་ཐབས་བཟུང་བ་མ་ཟད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱས་པ་དང་། སྤྱི་ཟླ6པ་ནས་བཟུང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཟླ་རེའི་ཚེས10ཉིན་མིར་བྱ་རིགས་ཆམ་རིམསH7N9འགོས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག