མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཉེ་དུས་ཆར་པ་ཆེན་པོ་བབས་པ་དེས་ཞིང་ཆེན10ཡི་མང་ཚོགས་ས་ཡ3.57ལ་གནོད་འཚེ་ཕོག་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས། ཉེ་དུས་དབུས་ཤར་ས་ཁུལ་དུ་དྲག་ཆར་འབབ་ཏེ་ཧུའུ་པེ་དང་། ཧུའུ་ནན། ཅང་ཤི། ཨན་ཧུའེ། ཡུན་ནན། ཀུའེ་ཀྲོའུ་སོགས་ཞིང་ལྗོངས་དང་གྲོང་ཁྱེར10དང་། དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་རྫོང124ཡི་ཤང་དང་གྲོང་བརྡལ1003གྱི་མི་ས་ཡ3.57ལ་གནོད་འཚེ་ཕོག་ཡོད་ཅེས་བཤད་ཡོད་པ་རེད།

གནམ་གཤིས་ལས་ཁུངས་ནས་སྔོན་དཔག་བྱས་པར་གཞིགས་ན། སྣོན་ཟླའི་ཚེས5ཡི་དུས་ཆེན་རིང་། རང་རྒྱལ་གྱི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ་དང་། དེ་བཞིན་བྱང་ཤར་གྱི་ཤར་རྒྱུད། ཧྭ་བྱང་གི་ཤར་རྒྱུད། རྨ་ཆུ་དང་ཧོའི་ཧོ་ཆུ་བོའི་ཤར་རྒྱུད། འབྲི་ཆུ་དང་ཧོའི་ཧོ་ཆུ་བོའི་ས་ཁུལ་སོགས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་ཡིན་ཞིང་། དེའི་ནང་། གོང་ཏུང་དང་། གོང་ཤིའི་ཤར་རྒྱུད། ཧུའུ་ནན་ལྷོ་རྒྱུད། ཡུན་ནན་ལྷོ་རྒྱུད་སོགས་སུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ་རེད། རྒྱལ་ཁབ་བྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས། འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་མུ་མཐུད་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ཏེ། འཕྲལ་བསྟུན་ལས་རེས་དང་། གྲོས་ཞིབ། བརྡར་ཤ་གཅོད་རྒྱུ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དུས་ཐོག་ཏུ་སྔོན་བརྡ་གཏོང་བ་བཅས་བྱས་ཏེ། བྲུབ་འགོག་དང་ཆུ་ལོག་སྔོན་འགོག་གི་ལས་དོན་སྒྲིག་འཛུགས་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག