མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཅི་ལིན་བྱ་རིགས་ལས་རིགས་ཀུང་སིའི་མེ་སྐྱོན་ནང་རྨས་སྐྱོན་ཕོག་པའི་མི26སྨན་ཁང་ནས་ཐོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས9ཉིན། དེ་ཧུད་ཀྱི་སྤྱི་ཟླ6པའི་ཚེས3གྱི་དོན་རྐྱེན་རོགས་སྐྱོབ་ཐག་གཅོད་བཀོད་འདོམས་པུའུ་ཡིས། ས་གནས་དེ་གའི་དུས་ཚོད་ཆུ་ཚོད11བར་སླེབས་སྐབས། དོན་རྐྱེན་ནང་རྨས་སྐྱོན་ཕོག་སྟེ་སྨན་ཁང་ནང་ལུས་པའི་མི77ནང་སླར་ཡང་མི1སྨན་ཁང་ནས་ཐོན་ཏེ། ཁྱོན་བསྡོམས་སྨན་ཁང་ནས་ཐོན་པའི་མི26ཟིན་པ་དང་། ད་དུང་མི51གཏན་འཁེལ་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་ཅེས་བཤད་ཡོད་པ་རེད། རྨས་སྐྱོན་ལྕི་མོ་ཕོག་པའི་རྨས་མ15ཡི་ནང་། མི1ཉེན་ཁ་ཆེ་ཤོས་ཡིན་པ་དང་། སྨན་བཅོས་ཚོགས་ཆུང་གིས་ནུས་ཤུགས་ཡོད་རྒུ་བཏོན་སྟེ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། སྤྱི་ཟླ6པའི་ཚེས9ཉིན་གྱི་ཆུ་ཚོད11བར་སླེབས་སྐབས། རྐྱེན་ལམ་དུ་ཤོར་བ་ཁྱབ་བསྒྲགས་བྱས་པའི་མི118ཡིན་མིན་གཏན་འཁེལ་བྱས་བ་ཕུད། དེ་མིན་རྐྱེན་ལམ་དུ་ཤོར་མཁན2གཏན་འཁེལ་བྱེད་རྒྱུ་དང་ནང་མི་འཚོལ་བའི་ལས་དོན་ད་དུང་བསྒྲུབས་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག