མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིབ་རྩིས་ཧྲུའུ་ནས་ས་གནས་སྲིད་གཞུང36གི་བུ་ལོན་འགྱུར་ལྡོག་གི་གནས་ཚུལ་ལ་འཐེན་ཞིབ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིབ་རྩིས་ཧྲུའུ་ཡིས་སྤྱི་ལོ2011ལོར་རྒྱལ་ཡོངས་ཀྱི་ས་གནས་སྲིད་གཞུང་རང་བཞིན་གྱི་བུ་ལོན་གྱི་ཡོངས་ཁྱབ་ཞིབ་བཤེར་གནས་ཚུལ་ཡོངས་བསྒྲགས་བྱས་རྗེས། སྤྱི་ལོ2012ལོའི་ཟླ་བ11པ་ནས་སྤྱི་ལོ2013ལོའི་ཟླ་བ2པའི་བར། སླར་ཡང་ས་གནས་སྲིད་གཞུང36གི་རིམ་པ་དེ་གའི་སྤྱི་ལོ2011ལོ་ཚུན་གྱི་སྲིད་གཞུང་རང་བཞིན་གྱི་བུ་ལོན་གནས་ཚུལ་ལ་འཐེན་ཞིབ་བྱས་པ་མ་ཟད། སྤྱི་ཟླ6པའི་ཚེས10ཉིན་ཞིབ་རྩིས་མཇུག་འབྲས་ཡོངས་བསྒྲགས་བྱས་ཡོད་པ་རེད། ཞིབ་རྩིས་བྱས་པ་ལས་ཤེས་རྟོགས་བྱུང་བར། ལོ་གཉིས་ནང་གོང་བསལ་ས་གནས་སྲིད་གཞུང་གི་བུ་ལོན་གྱི་དངུལ་ལྷག་འཕར་ཚད12.94%ཟིན་ཡོད་པ་རེད།

ཞིབ་རྩིས་ཧྲུའུ་ཡི་ནོར་སྲིད་ཞིབ་རྩིས་བཤེར་འགན་འཁུར་བས། ད་ཐེངས་ཞིབ་རྩིས་བྱེད་པའི་དམིགས་ཡུལ་ནི་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་བུ་ལོན་འཕར་ཚུལ་གསལ་རྟོགས་ཐུབ་པ་བྱས་ཏེ། བུ་ལོན་དོ་དམ་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། མི་མངོན་པའི་ཉེན་ཁ་བཅས་ཤེས་རྟོགས་ཐུབ་པ་བྱ་ཆེད་རེད་ཅེས་གསུངས་ཡོད་པ་རེད།

ཞིབ་རྩིས་ཁྱབ་ཁོངས་ནང་ཞིང་ཆེན15དང་། ཐད་གཏོགས་གྲོང་ཁྱེར་༣གྱི་རིམ་པ་དེ་ག་དང་ཁོངས་གཏོགས་ཀྱི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར15ཡི་རིམ་པ་དེ་ག གྲོང་ཁྱེར་གྱི་དོ་དམ་ཁོངས་སུ་ཚུད་པའི་ས་ཁུལ་གསུམ་བཅས་ཚུད་ཡོད་པ་དང་། སྲིད་གཞུང་སྡེ་ཁག་དང་ལས་ཁུངས903དང་། མ་རྩ་རུབ་བསྡུས་བྱེད་མཁན་ཀུང་སི་223གྲོན་དངུལ་ཁ་གསབ་སྤྲོད་མཁན་བྱ་གཞག་ཚན་པ1249སྤྱི་སྤྱོད་བྱ་གཞག་ཚན་པ83། དེ་མིན་ཚན་པ273། རྣམ་གྲངས22240བཅས་དང་འབྲེལ་བ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག