མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀླུ་མོ་རྟགས་ཅན་ཆུ་མཛུལ་གྲུ་གཟིངས་ཀྱིས་ཚོད་ལྟའི་རང་བཞིན་གྱི་བཀོལ་སྤྱོད་ལས་འགན་བསྒྲུབས་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས10ཉིན། རང་རྒྱལ་གྱི་ཀླུ་མོ་རྟགས་ཅན་མི་སྡོད་ཆུ་མཛུལ་གྲུ་གཟིངས་བླུགས་པའི་ཤང་ཡང་ཧུང09རྟགས་ཅན་གྱི་ཚོད་ལྟའི་གྲུ་གཟིངས་ཨ་མ་དེ་ཅང་སུའུ་ཅང་དབྱིང་གི་ཅང་སུའུ་ལྷོ་ངོས་རྒྱལ་སྤྱིའི་གྲུ་ཁ་ནས་རྡོག་ཐོན་བྱེད་འགོ་ཚུགས་ཏེ། དུས་ཡུན་ཉིན103རིང་གི་ཚོད་ལྟའི་རང་བཞིན་གྱི་བཀོལ་སྤྱོད་ལས་འགན་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

ཀླུ་མོ་རྟགས་ཅན་གྲུ་གཟིངས་ཀྱིས་སྤྱི་ལོ2012ལོའི་སྤྱི་ཟླ6པར་མ་ལ་ཡ་ནེའི་མཚོ་ཁུག་དུ་སྨི་བདུན་སྟོང་རིམ་པའི་མཚོ་འགྲུལ་ཚོད་ལྟ་བྱེད་པའི་ཁྲོད་ལེགས་གྲུབ་ལྡན་པའི་སྒོ་ནས་མཚོ་གཏིང་གི་སྨི7061བར་འཛུལ་བ་མ་ཟད་ལེགས་གྲུབ་ལྡན་པའི་སྒོ་ནས་ལས་འགན་བསྒྲུབས་ཡོད། དེའི་ཐོག་ནས་རང་རྒྱལ་ལ་འཛམ་གླིང་གི་མཚོ་གཏིང99.8%སར་བསྐྱོད་ཐུབ་པའི་མི་སྡོད་ཆུ་མཛུལ་གྲུ་གཟིངས་དབང་བ་མཚོན་ཡོད་པ་རེད།

རྒྱལ་ཁབ་རྒྱ་མཚོ་ཅུད་ཀྱི་ཀྲུང་གོའི་རྒྱ་མཚོ་ཆེན་པོའི་མཐུན་ཚོགས་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀླུ་མོ་རྟགས་ཅན་ཆུ་མཛུལ་གྲུ་གཟིངས་མཚོ་གཏིང་དུ་བསྐྱོད་པའི་ཚོད་ལྟ་ལེགས་གྲུབ་བྱུང་རྗེས། རྒྱལ་ནང་གི་ཚན་རྩལ་ལས་རིགས་ཀྱིས་ཆུ་མཛུལ་གྲུ་གཟིངས་རྒྱ་མཚོ་ཆེན་པོའི་མཚོ་གཏིང་དུ་བསྐྱོད་པར་བཅངས་པའི་ཡིད་ཆེས་ལྡབ་འཕར་བྱུང་ཡོད། ཡིན་ནའང་མིག་སྔར་ཆུ་མཛུལ་གྲུ་གཟིངས་ཀྱིས་རྒྱུན་གཏན་ཅན་གྱི་ལས་སྒོ་བསྒྲུབས་པའི་ཆ་རྐྱེན་ད་དུང་འཛོམས་མེད་པས། འཆར་གཞི་བྱས་ན་ལོ་ལྔ་ཙམ་ཚོད་ལྟའི་རང་བཞིན་གྱི་བཀོལ་སྤྱོད་བྱས་ཏེ། ཀླུ་མོ་རྟགས་ཅན་གྱི་ཆུ་མཛུལ་གྲུ་གཟིངས་དེ་མཚོ་ཐོག་ཚོད་ལྟ་བྱེད་པ་ནས་རྒྱུན་གཏན་ཅན་གྱི་ལས་སྒོ་བསྒྲུབས་པའི་བར་བར་བརྒལ་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག