མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་དུ་ལོ10ཡི་རིང་གཟུགས་འདུས་རིག་གནས་ཀྱི་ཤུལ་བཞག་སྲུང་སྐྱོབ་ལས་དོན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས9ཉིན་རིག་གནས་པུའུ་རུ་འཚོགས་པའི་གཟུགས་འདུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས་ཁྱབ་སྤེལ་བྱས་ནས་ལོ10འཁོར་བར་དྲན་གསོ་ཞུ་བའི་གླེང་སྟེགས་ཐོག ཚོགས་ཞུགས་ཆེད་མཁས་པ་དང་རིག་གནས་པས། ད་ལོའི་བར། རང་རྒྱལ་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྲུང་སྐྱོབ་ལས་གྲ་ལག་བསྟར་བྱས་ནས་ལོ10ཏག་ཏག་འཁོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱིས་གཟུགས་འདུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས་ཁྱབ་སྤེལ་བྱས་ནས་ད་བར་ལོ10ལྷག་གི་དུས་ཚོད་སོང་ཡོད། སྤྱི་ཆིངས་ནང་ཞུགས་སྔ་བའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རང་རྒྱལ་དུ་ཉེ་བའི་ལོ་ཤས་རིང་གཟུགས་འདུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་སྤེལ་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པའི་རྣམ་པ་བསྟན་འདུག

གྲངས་གཞི་ལས་མངོན་པར། ལོ10ཡི་རིང་། ཀྲུང་དབྱང་ནོར་སྲིད་ནས་རིམ་བརྩིས་བྱས་ན་གཟུགས་འདུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་འགྲོ་གྲོན་ཐད་མ་དངུལ་སྒོར་དུང་ཕྱུར21བཏང་བ་དང་། སྤྱི་ལོ2013ལོར་ཆེད་དོན་འགྲོ་གྲོན་མ་དངུལ་སྒོར་དུང་ཕྱུར6.62གཏོང་རྒྱུའི་འཆར་གཞི་ཡོད་པ་རེད། རྒྱལ་ཡོངས་ཀྱི་གཟུགས་འདུས་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་དང་པོ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། བརྟག་དཔྱད་བྱས་པའི་ཐོན་ཁུངས་རྣམ་གྲངས870000ཟིན་པ། འཐུས་སྒོ་ཚང་བའི་རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་གཟུགས་འདུས་རིག་གནས་མིང་ཐོའི་མ་ལག་བཙུགས་པ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདུས་རིག་གནས་ཤུལ་བཞག་རྣམ་གྲངས་བསྡོམས་པས1219ཡོངས་གྲགས་བྱས་ཡོད། རང་རྒྱལ་གྱིས་རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་གཟུགས་འདུས་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་རྒྱུན་འཛིན་པའི་མིང་བཏགས་པ་དང་། རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་བསྡོམས་པས1986གཏན་འཁེལ་བྱས་ཡོད་པ་རེད།

སྡོམ་རྩིས་ལས་མངོན་པར། རང་རྒྱལ་དུ་རྣམ་གྲངས37མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་གཟུགས་འདུས་རིག་གནས་ཤུལ་བཞག་མིང་ཐོའི་ནང་བཅུག་པ་དང་། འཛམ་གླིང་ཐོག་མིང་ཐོའི་ནང་བཅུག་པའི་རྣམ་གྲངས་མང་ཤོས་ཀྱི་རྒྱལ་ཁབ་ལ་གྱུར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག