མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞ་མིན་ནས་སྤྱི་སྤྱོད་རླངས་འཁོར་མེར་བཏང་ནས་མི47ཚེ་ལས་འདས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-10 09:54

124830713_11n.jpg

       སྤྱི་ཟླ6པའི་ཚེས7ཉིན་གྱི་དུས་ཚོད18དང་སྐར་མ20ཡས་མས་སུ། ཧྥུའུ་ཅན་ཞིང་ཆེན་ཞ་མིན་གྲོང་ཁྱེར་གྱི་མྱུར་བགྲོད་སྤྱི་སྤྱོད་གཞུང་ལམ་སྟེང་དུ་སྤྱི་སྤྱོད་རླངས་འཁོར་ཞིག་མེར་བཏང་བའི་དོན་རྐྱེན་ཞིག་བྱུང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས7ཉིན་གྱི་དུས་ཚོད18དང་སྐར་མ20ཡས་མས་སུ། ཧྥུའུ་ཅན་ཞིང་ཆེན་ཞ་མིན་གྲོང་ཁྱེར་གྱི་མྱུར་བགྲོད་སྤྱི་སྤྱོད་གཞུང་ལམ་སྟེང་དུ་སྤྱི་སྤྱོད་རླངས་འཁོར་ཞིག་མེར་བཏང་བའི་དོན་རྐྱེན་ཞིག་བྱུང་ནས། མི47ཚེ་ལས་འདས་པ་དང་མི34ལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་རྣམ་གཉིས་ཀྱིས་མཛུབ་སྟོན་གལ་ཆེན་གནང་།

  དོན་རྐྱེན་དེ་བྱུང་རྗེས། ཡུལ་དངོས་ཀྱི་མང་ཚོགས་དང་སྤྱི་སྤྱོད་ཀུང་ཟིའི་ལས་བྱེད་མི་སྣས་མྱུར་སྐྱོབ་བྱ་བ་བསྒྲུབས་པ་དང་། སྨན་བཅོས་མི་སྣ300ལྷག་མྱུར་སྐྱོབ་བྱ་བར་ཞུགས།

  རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཀྲང་གོ་ཧྲིན་ཁུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོས་དང་ལེན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཁག་ཁྲིད་ནས་ཚེས8ཉིན་གྱི་ཞོགས་པའི་དུས་ཚོད1ཡས་མས་སུ་ཞ་མིན་ལ་ཐོན་ནས། དོན་རྐྱེན་དེ་ཐག་གཅོད་པའི་བྱ་བར་མཛུབ་སྟོན་བྱས།

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཁག་དང་མཉམ་དུ་ཞ་མིན་ལ་ཐོན་པའི་སྤྱི་བདེ་པུའུ་ཡི་ཉེས་དོན་མྱུལ་ཞིབ་ལས་ཁུངས་ཀྱི་འགན་འཁུར་བ་དང་འབྲེལ་ཡོད་ཆེད་མཁས་པས་མྱུར་དུ་ས་གནས་སྤྱི་བདེ་ལས་ཁུངས་དང་མཉམ་དུ་རྩད་ཞིབ་བྱ་བ་བསྒྲུབས་པ་དང་། ཡུལ་དངོས་ལ་ཞིབ་བཤེར་དང་དངོས་བོ་ལ་གསལ་འབྱེད་བདེན་དཔང་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ནི་ཞ་མིན་ས་གནས་ཀྱི་ཁྲིན་ཧྲོས་ཙུང་ཡིན་ལ། ཁོ་ནི་ད་ལོ་ལོ59ཡིན་པ་དང་ཡུལ་དངོས་ནས་མེར་ཚིགས་སོང་།

  སྤྱི་བདེ་པུའུ་ཡིས་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་མྱུར་དུ་ནུས་ལྡན་བྱེད་ཐབས་སྤྱོད་དགོས་པར་མ་ཟད། འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་བདེ་འཇགས་ཉེན་ཁར་ཞིབ་བཤེར་དང་དག་ཐེར་བྱས་ནས། སྤྱི་ཚོགས་བདེ་འཇགས་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག