མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2013ལོའི་ཁྲེང་ཏུའུ་ཡི་རྒྱུ་ནོར་ཞེས་པའི་འཛམ་གླིང་གླེང་སྟེགས་ཀྱིས་གྲོས་གཞི་ཁག་ལེགས་གྲུབ་ཟིན་ནས་མཇུག་སྒྲིལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-10 09:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས8ཉིན། སྤྱི་ལོ2013ལོའི་ཁྲེང་ཏུའུ་ཡི་རྒྱུ་ནོར་ཞེས་པའི་འཛམ་གླིང་གླེང་སྟེགས་ཀྱིས་གྲོས་གཞི་ཁག་ལེགས་གྲུབ་ཟིན་ནས་མཇུག་སྒྲིལ་ཡོད་པ་རེད།

གླེང་སྟེགས་ཀྱི་དུས་ཡུན་ནི་ཉིན་གསུམ་ཡིན་པ་དང་དེའི་ཁྲོད་ཚོགས་ཆེན་དྲུག་དང་། སྤྱིའི་གླེང་སྟེགས་དང་རིགས་དབྱེའི་གླེང་སྟེགས34ཚུད་ཡོད་པ་རེད། འཛམ་གླིང་ས་ཕྱོགས་ཁག་ནས་ཕེབས་པའི་སྲིད་ཕྱོགས་དང་ཚོང་པའི་སྣེ་ཁྲིད་མི་སྣ600ལྷག་ཙམ་ཁྲེང་ཏུའུ་རུ་འཛོམས་ནས། ཀྲུང་གོའི་འབྱུང་འགྱུར་གསར་པ་ཞེས་པའི་བརྗོད་བྱ་གཙོ་བོར་གཞིགས་ནས་རྒྱ་ཆེ་ལ་གཏིང་ཟབ་པའི་ཞིབ་བསྡུར་གནང་ཡོད་པ་རེད།

གླེང་སྟེགས་ཀྱིས་འཛམ་གླིང་གིས་སི་ཁྲོན་དང་ཁྲེང་ཏུའུ་སྔར་བས་ཤེས་རྟོགས་བྱ་རྒྱུར་སྐུལ་འདེད་ཐེབས་ཡོད་ལ། སི་ཁྲོན་དང་འཛམ་གླིང་བར་ཕན་ཚུན་སྤེལ་རེས་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་བྱེད་པའི་གར་སྟེགས་ཞིག་བསྐྲུན་ཡོད།

གླེང་སྟེགས་རིང་། ཁྲེང་ཏུའུ་གྲོང་ཁྱེར་གྱིས་འཛམ་གླིང་གི་གྲགས་ཅན་ཁེ་ལས500དང་རྒྱལ་ཁོངས་བརྒལ་བའི་ཀུང་སིའི་མ་འཇོག་རྣམ་གྲངས་གྲགས་ཅན74ལ་མིང་རྟགས་བཀོད་པ་དང་། སྤྱིའི་མ་འཇོག་སྒོར་དུང་ཕྱུར1120.15ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག