མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་པེ་ཅིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-10 09:54

1111.jpg

  སྤྱི་ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

2222.jpg

  སྤྱི་ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

3333.jpg

  སྤྱི་ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་སྤྱི་ཟླ6པའི་ཚེས8ཉིན་པེ་ཅིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད་སྐབས། བཅོས་སྒྱུར་ལ་སྒུལ་ཤུགས་འདོན་པ་དང་གསོན་ཤུགས་འབུལ་དགོས་ལ། བཅོས་སྒྱུར་ལག་བསྟར་བྱེད་སྐབས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། བྱེད་ཐབས་གསར་བར་བརྟེན་ནས་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རིག་གནས་ཀྱི་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

   ཚེས8ཉིན་གྱི་ཕྱི་དྲོར། ལིག་ཡུན་ཧྲན་པེ་ཅིན་བཟོ་ལས་ཇུས་འགོད་གསར་སྐྲུན་ཐོན་ལས་རྟེན་གཞི་སོགས་ལ་ཕེབས་ཏེ་རིག་གནས་བཅོས་སྒྱུར་འཕེལ་རྒྱས་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ་དང་དང་ཁེ་ལས་ཀྱི་ལས་བཟོ་བ་དང་མཉམ་དུ་ཉམས་མྱོང་བརྗེ་རེས་བྱས། ལིག་ཡུན་ཧྲན་གྱིས་པེ་ཅིན་གྲོང་ཁྱེར་གྱི་རིག་གནས་བཅོས་སྒྱུར་འཕེལ་རྒྱས་བྱ་བར་ཁས་ལེན་གང་ལེགས་མཛད་པར་མ་ཟད། པེ་ཅིན་གྲོང་ཁྱེར་གྱིས་ཡང་འབད་བསྐྱར་འབད་བྱས་ནས་ལག་ལེན་ཁྲོད་དུ་ཉམས་མྱོང་སྔར་ལས་མང་པོ་ཞིག་གསར་སྐྲུན་བྱེད་དགོས་པའི་ཐུགས་རེ་བཏོན།

  ལིག་ཡུན་ཧྲན་གྱིས་ཆེད་དུ་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ཐད་ཀྱི་གྲོས་གཞི་ལ་ཉན་པ་དང་། ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ཀྱིས་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས། ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ལས་རིག་གནས་འཛུགས་སྐྲུན་ཐད་ལ་འགན་འཁྲི་གསར་བ་དང་རེ་བ་གསར་བ་བཏོན་ཡོད། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྔར་ལས་སྐོང་དགོས་ན། རིག་གནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་ལས་ཆེན་པོ་སྤོ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག