མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-10 09:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གྱིས་སྤྱི་ཟླ6པའི་ཚེས8ཉིན་ཅ་ལིས་ཧྥུ་ཉི་ཀྲིག་གི་ཨན་ན་པོ་ཀི་གཞིས་ཀ་ནས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱ་ལ་མཇལ་འཕྲད་གནང་། ཕྱོགས་གཉིས་ཀས་བརྩེ་བས་གླེང་མོལ་མཛད། རྒྱལ་ཁབ་གཉིས་ཀའི་མགོ་གཙོས་ཀྲུང་གོ་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ཧ་ཅང་ལེགས་འགྲུབ་བྱུང་ཡོད་པར་འདོད་པ་དང་། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱེད་པ་དང་། འབྲེལ་འདྲིས་སྲུང་འཛིན་བྱེད་པ། གྲོས་མོལ་ལས་གཅིག་མཐུན་བྱུང་བའི་ལྟ་བ་དང་གྲུབ་འབྲས་དངོས་འབེབས་ལེགས་པོ་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར། ཞི་ཅིན་ཕེན་དང་ཕུན་ལིས་ཡོན་གྱིས་ཨོ་པ་མཱ་དང་ཨ་མེ་རི་ཁ་ཕྱོགས་ཀྱིས་སྤྲོ་བ་ཆེན་པོས་སྣེ་ལེན་དང་གྲོས་མོལ་ལ་བཀོད་སྒྲིག་བཟང་བོ་བྱས་པར་ཐུགས་རྗེ་ཆེ་ཞུས། ཨོ་པ་མཱ་ཡིས་ད་དུང་ལྕམ་མོ་མུས་ཞེ་ཨེར་གྱིས་ཕུན་ལིས་ཡོན་ལ་ཁམས་འདྲི་ཞུས་པ་བརྒྱུད་སྒྲོག་དང་མུས་ཞེ་ཨེར་གྱིས་ཕུན་ལིས་ཡོན་ལ་བསྐུར་བའི་དགའ་བསུ་ཞུ་ཡིག་བརྒྱུད་སྤྲོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག