མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱ་དང་གྲོས་མོལ་མཛད་རྗེས་ཅ་ལིས་ཧྥུའུ་ཉི་ཡ་ཀྲིག་ནས་ཕྱིར་རྒྱལ་ནང་དུ་ཕེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-10 09:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱ་དང་ཐོག་དང་པོར་གྲོས་མོལ་མཛད་རྗེས། སྤྱི་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར་ཨ་མེ་རི་ཁའི་ཅ་ལིས་ཧྥུའུ་ཉི་ཡ་ཀྲིག་ནས་ཕྱིར་རྒྱལ་ནང་དུ་ལོག རྒྱལ་ཁབ་གཉིས་ཀའི་མགོ་གཙོས་གྲོས་མོལ་མཛད་སྐབས་རང་རྒྱལ་ཁབ་ཀྱི་ཕྱི་ནང་སྲིད་ཇུས་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་བར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་བ་འཛུགས་པ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་འགངས་ཆེན་ཐད་ནས་ལྷག་བསམ་རྣམ་དག་གིས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད། ཕྱོགས་གཉིས་ཀས་དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས། ཁོར་ཡུག མི་གཞུང་། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕན་ཚུན་དམག་དཔུང་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་དམག་དོན་འབྲེལ་བ་གསར་བ་བསྐྲུན་པ། ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་སྙོམ་སྒྲིག་བྱེད་པར་ཤུགས་སྣོན་དང་། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་གོང་དུ་སྤེལ་བའི་བརྒྱུད་རིམ་ཁྲོད་དུ་མཉམ་ལས་རྒྱ་བསྐྱེད་དེ། ཨེ་ཤ་ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་རྒྱུན་སྲིང་དང་དོ་མཉམ་པའི་ངང་འཕར་སྣོན་འབྱུང་བར་ཡར་སྐུལ་གཏོང་བ་བཅས་ལ་འཐད་པ་བྱེད་པ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག